Header

Sunday 4 August 2013

Start Menu for Windows 8 འགོ་འཛུག་དཀར་ཆག

སྒེའུ་ཁུང་རྟགས་ཅན་ ༨ པའི་འགོ་འཛུག་དཀར་ཆག
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to Download it.

Some games .apk files for Android ཁ་པར་ཆེད་རྩེད་རིགས།

Some of .apk files for Android (Antivirus, Live Wallpapers and Themes) ཁ་པར་ལྗོངས་བཀོད།

འདི་ནི་ཁ་པར་ཨེན་ཌ་རོའི་ཆེད་དུ་དུག་འགོག་མཉེན་ཆས་དང་། ལྗོངས་བཀོད་སོགས་སྣ་ཚོགས་པ་ཞིག་ཡོད་པས་གཤམ་ལྟར་འདེམས་ཆོག 
Antivirus Security དུག་འགོག

Atom Luncher དུག་འགོག

Avira free Antivirus དུག་འགོག

Comodo Antithief Antivirus དུག་འགོག

Black List དུག་འགོག་གི་ཆ་ཤས་ཞིག

Blooming Night Live Wallpaper ལྗོངས་བཀོད།

Bubble Live Wallpape ལྗོངས་བཀོད།

Cool Blue Theme Go Luncher  ལྗོངས་བཀོད།

Galaxy S3 Drop Water Style Wallpaper ལྗོངས་བཀོད།


Saturday 3 August 2013

AVG 2013 Keys དུག་འགོག་ AVG གྱི་གསང་ཟ།

གལ་སྲིད་ཁྱེད་ཀྱིས་དུག་འགོག་མཉེན་ཆས་གྲགས་ཅན་ AVG སྟབས་བདེའི་མཉེན་ཆས་དེ་འདྲ་བེད་སྤྱོད་བཞིན་ཡོད་ན། མཉེན་ཆས་དེ་ཚད་ལྡན་ཡོང་ཆེད་གཤམ་གྱི་གསང་ཟ་གང་རུང་བེད་སྤྱོད་གནང་ན་ཁྱེད་ཀྱི་མཉེན་ཆས་དེ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ། 

8MEH-RW2ZU-29S4F-26QCR-WT482-BEMBR-ACED

8MEH-RNZLL-2Y4QX-79PPA-MMOKE-AEMBR-ACED

8MEH-RREY3-L2LQA-LUMOR-UDTZ4-6EMBR-ACED

8MEH-RF3MY-BZ7CJ-9LUAR-ST99N-CEMBR-ACED

8MEH-RMXLW-HN44A-BABPA-S9NQF-PEMBR-ACED

8MEH-RGM33-K474L-6FGRR-8RR7K-UEMBR-ACED

8MEH-RREY3-L2LQA-LUMOR-UJXN3-6EMBR-ACED

8MEH-RJXR4-2CKYP-2GB3A-DBMAD-PEMBR-ACED

How Magicians are lie. སྒྱུ་མ་མཁན་ཚོའི་རྫུན་འཕྲུལ།

ནམ་རྒྱུན་ཁྱེད་ཀྱིས་སྒྱུ་མ་མཁན་དེ་ཚོས་ཧ་ལས་ཞིང་ཧོན་འཐོར་དགོས་པའི་མིག་འཕྲུལ་སྟོན་བཞིན་པ་མཐོང་གིན་ཡོད། འོན་ཀྱང་ཁོ་ཚོས་གང་སྟོན་པ་དེས་དངོས་གནས་ཁྱེད་ཀྱི་མིག་འཁྲུལ་བ་ཡིན་ནམ། ཡང་ན་ཁོ་ཚོའི་ལག་རྩལ་དེ་མཁས་དྲགས་པ་ཡིན་གཟིགས་འདོད་ན་གཤམ་གྱི་དྲ་ཐག་ནས་ལྟད་མོ་རྣམས་ཡོངས་རྫོགས་ཕབས་ལེན་གནང་དང་མཁྱེན་ངེས། 

Part 1
Part 2
Part 3
Part 4
Part 5

Windows 8 to Windows 7 སྒེའུང་རྟགས་ཅན་ ༨ ནས་ ༧ སྤོ་བྱེད།

འདི་ནི་སྒེའུ་ཁུང་རྟགས་ཅན་བརྒྱད་པ་བེད་སྤྱོད་མཁན་གསར་པ་ཚོར་དགོས་པའི་མཉེན་ཆས་ཞིག་སྟེ། སྒེའུ་ཁུང་རྟགས་ཅན་བདུན་པ་ལ་གོམ་ཡོད་པའི་མི་ཞིག་ལ་བརྒྱད་པ་བེད་སྤྱོད་པར་ཐོག་མར་དཀའ་ངལ་ཅུང་འཕྲད་ཀྱི་ཡོད་པ་ནི། སྒེའུ་ཁུང་གི་འཆར་ཡོལ་དང་འགོ་འཛུག་དཀར་ཆག་སོགས་མི་འདྲ་བ་ཡོད་པ་ལྟར། སྟབས་བདེ་པོ་ཞིག་ཁྱོན་ནས་ཡོང་གིན་མེད། གལ་སྲིད་ཁྱེད་རིག་མཛོད་མ་ལག་སྒེའུ་ཁུང་རྟགས་ཅན་བརྒྱད་པ་ལ་འགོ་འཛུག་དཀར་ཆག་དང་འཆར་ཡོལ་རྣམས་བདུན་པ་ནང་བཞིན་དགོས་ན་མཉེན་ཆས་འདི་ཕབས་ལེན་གནང་ནས་ཚོད་ལྟ་གནང་རོགས། 

Click Here འདིར་གནོན་ནས་ཕབས་ལེན་བྱ་དགོས། to download it.

Thursday 11 July 2013

TuneIn Radio for cellphone ཁ་པར་ཐོག་རླུང་འཕྲིན་ཉན་སྟངས།

འདིར་དེ་རིང་ལག་ཐོག་ཁ་པར་ནང་རླུང་འཕྲིན་ཉན་སྟངས་སྟབས་བདེ་ཞིག་ཞུ་རྒྱུ་ཡིན། ནམ་རྒྱུན་ཁྱེད་ཀྱིས་བོད་སྐད་རླུང་འཕྲིན་གསན་སྐབས་ཐད་ཀར་དྲ་རྒྱར་འཛུལ་བའམ་ཡང་ན་འབྲེལ་མཐུད་དྲ་གནས་སོགས་ནས་གསན་ཐུབ་ཀྱིན་ཡོད། ཡིན་ནའང་མཚམས་མཚམས་སུ་ཡུལ་དུས་དཀའ་ཚིག་སོགས་ཀྱིས་ཐད་ཀར་ཉན་མི་ཐུབ་པ་ཡང་ཡང་ཡོང་གི་ཡོད་སྟབས། འདིར་དེ་རིང་ཐབས་ལམ་ཞིག་ངོ་སྤྲོད་ཞུས་པའི་རྒྱུད་ཁྱེད་ཀྱི་སྐུ་ངལ་དེ་དག་ཅུང་སེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
ཐབས་ལམ་མམ་མཉེན་ཆས་དེའི་མིང་ལ་ཊུན་ཨིན་ (TuneIn) ཟེར། མཉེན་ཆས་འདི་ནི་ལག་ཐོག་ཁ་པར་དཔེར་ན་ i OS, Android, Black Berry, Samsung, Windows Phone སོགས་ལ་བེད་སྤྱོད་ཐུབ། མཉེན་ཆས་སམ་རླུང་འཕྲིན་ཁང་འདི་ནི་ཨ་རིའི་ཀལ་ཕོ་ཉིའི་ནང་དུ་གཏན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་གཉེར་བཞིན་ཡོད། སྤྱི་སྙོམས་བྱས་ན་ཟླ་རེའི་ནང་མི་ས་ཡ་ ༤༠ ལྷག་གིས་བེད་སྤྱོད་བཞིན་ཡོད་འདུག 
དེའང་ཕབས་ལེན་བྱ་སྟངས་ནི་ཐོག་མར་སོ་སོའི་ལག་ཐོག་ཁ་པར་གྱི་བེད་སྤྱོད་མཛོད་ཁང་ ( apps ཡང་ན་ Play store ) ཞེས་

Thursday 4 July 2013

Camtasia Studio 8.0.4 བརྙན་བཟོ་དང་ཅོག་ངོས་བརྙན་འབེབ་མཉེན་ཆས་“ཁམས་བཀྲ་ཤིས་ཡག”།

འདི་ནི་བརྙན་འཕྲིན་བཟོ་སྐྲུན་(Movie editor)དང་རིག་
མཛོད་ཀྱི་ཅོག་ངོས་བརྙན་ཕབས་(Screen Video Capture)མཉེན་ཆས་སྤུས་ལེགས་“ཁམས་བཀྲ་ཤིས་ཡག་”(རྩེད་མཚར་) (Camtasia Studio v.8.0.4) ཞེས་པ་དེ་རེད། ཉེ་ཆར་ཟླ་བ་སྔོན་མའི་ནང་མཉེན་ཆས་འདིའི་ཐོན་རིམ་ 8.1.0 གསར་དུ་ཐོན་ཡོད། འོན་ཀྱང་ཁོ་བོས་ད་ལན་འདིར་བསྐྲུན་པ་འདི་ནི་ཐོན་རིམ་ 8.0.4 ཅན་དེ་ཡིན་ལ། དེའི་མཉམ་དུ་གསང་ཟ་དང་སྤྱོད་མིང་སོགས་ཀྱང་བཏང་ཡོད། མཉེན་ཆས་འདི་ཕབས་ལེན་ཚར་རྗེས་བཙིར་ཆས་ཁ་འཕྱེ་ན་མཉམ་དུ་གསང་ཟ་(keygen ཡང་ན་ Instruction) ཞེས་པ་བཏང་ཡོད་པས་ནང་འཇུག་སྐབས་སུ་བེད་སྤྱོད་དགོས། 
མཉེན་ཆས་འདིར་དམིགས་བསལ་ཁྱད་ཡོན་གཉིས་ཡོད། 
དང་པོ། བརྙན་འཕྲིན་བཟོ་བསྐྲུན་གི་ཐད་ནས་བེད་སྤྱོད་གཏོང་སླ་བ་དང་ཆ་རྐྱེན་མང་བ། ལྗིད་ཚད་ཡངས་བ་དང་བོད་ཡིག་སོགས་ཡིག་རིགས་མང་པོ་བརྙན་ཡིག་ཏུ་ངོས་ལེན་བྱེད་ཐུབ་པ། རང་གི་ལག་རྩལ་དང་བསྟུན་ཏེ་སོ་སོས་གང་འདོད་ལྟར་བཟོ་བསྐྲུན་བྱེད་ཐུབ་པ་སོགས་ཀྱི་ཆ་རྐྱེན་ལྡན་ཡོད། 
གཉིས་པ། ཅོག་ངོས་བརྙན་ཕབས་ནི་ཙི་ཙི་གང་དུ་ཁྱེར་ཡང་མྱུར་མོ་དང་ཡངས་པོ། ད་དུང་ཙི་ཙི་ལ་རྟགས་འདྲ་མིན་སྒྲིག་ནས་མཐོང་སླ་བ་སོགས་ཆ་རྐྱེན་དུ་མ་ཞིག་ཡོད། ཅོག་ངོས་སོགས་ཕབས་ལེན་བྱས་ཟིན་པ་རྣམས་སོ་སོའི་འདོད་མོས་ལྟར་ཐད་ཀར་བརྙན་འཕྲིན་དུ་བཟོ་སྒྲིག་བྱེད་ཆོག་པའམ། ཡང་ན་གསོག་ཉར་གྱིས་ཐད་ཀར་དྲ་ཐོག་དང་བརྙན་སྡེར་སོགས་སུ་འབེབ་ཐུབ་པའི་ཆ་རྐྱེན་ཡོད། 
click འདིར་གནོན་ནས་ཕབས་ལེན་གནང་རོགས། here to download 
Enjoy with it

Monday 1 July 2013

Tune Up 2013 Keys དུག་འགོག་ཊུན་ཨབ་ ༢༠༡༣ ཀྱི་གསང་ཟ།

གཤམ་འདི་རྣམས་ནི་དུག་འགོག་མཉེན་ཆས་ཊུན་ཨབ་ཐོན་རིམ་ ༢༠༡༣ པའི་གསང་ཟ་ཡིན་པས་གལ་སྲིད་ཁྱེད་ལ་དགོས་ཚེ་གང་ཞིག་བེད་སྤྱོད་ཀྱང་དགའ་བསུ་ཡོད། 
YPK1KM-9ET9JD-7BENCW-1Y24F0-VNC0JT-JT36PJ
THWX63-HTA5NJ-CCXNAV-7FNPRE-336F7Y-6YREX1
T01MM3-8R1ARF-24HQ3E-W2FNNA-RC7FVT-RQAF5J

Sunday 30 June 2013

malwarebytes anti-malware 1.75 full དུག་འགོག་མཉེན་ཆས་ཚད་ལྡན།

འདི་ནི་དྲ་འབུའི་ནད་དུག་འགོག་བྱེད་ཀྱི་མཉེན་ཆས་ཞིག་རེད་ལ། ཁྱེད་ཀྱི་གློག་ཀླད་ལ་ནད་དུག་ཚབ་ཆེན་འགོས་ཡོད་ཚེ་འདིས་ངེས་པར་དུ་རྩ་འགོག་གཏོང་གི་རེད། 
ཕབས་ལེན་བྱས་ཏེ་ནང་འཇུག་བྱས་རྗེས་ཡིག་སྣོད་ལས་དྲི་བ་ Decline དང་ Trail གཉིས་ལས་ Decline ཞེས་པ་དེ་གདམས་དགོས། 
དེ་རྗེས་ཁ་འབྱེད་རྗེས་གཤམ་གྱི་ Active ཡང་ན་ Register ཞེས་པར་གནོན་དགོས།  དེ་རྗེས་སྒེའུ་ཁུང་ཞིག་ནས་ཐོ་འགོད་བྱེད་ས་ཞིག་འཆར་ཡོང་བས་དེར་མཉེན་ཆས་འདིའི་མཉམ་དུ་ཡོད་པའི་ Key ཞེས་པ་ལས་གསང་མིང་དང་གསང་གྲངས་གང་རུང་ཞིག་འཇུག་རྗེས་ཁྱེད་ཀྱི་མཉེན་ཆས་འདི་ཆ་ལག་ཡོངས་སུ་ཚང་བ་ཡིན། 
འདིར་གནོན་ནས་ཕབས་ལེན་གནང་རོགས། Click here to download 
Enjoy with it

Thursday 27 June 2013

All Windows 8 Activators and Microsoft Office 2013 Activators གསང་ཟའི་ལྡེའུ་མིག་ཆེན་མོ།

འདི་ནི་གཤམ་འཁོད་ལྟར་སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ (Windows 8 )དང་། མཉེན་ཆས་ཡིག་ཚང་ཐོན་རིམ་ ༢༠༡༣ (Microsoft Office 2013) གཉིས་ཀྱི་གསང་ཟ་འགྱེད་བྱེད་ཀྱི་ལྡེའུ་མིག་རེད། གལ་སྲིད་ཁྱེད་ལ་གོང་ཞུས་ཀྱི་མཉེན་ཆས་དེ་གཉིས་ཁྲོམ་ས་ནས་ཁྲིམས་མཐུན་ལྟར་མ་ཉོས་པའམ། ཡང་ན་མི་གཞན་གྱིས་ཚད་ལྡན་མ་ཡིན་པ་དེ་འདྲ་བླུགས་ནས་ཡོད་ཚེ་ཁྱེད་ཀྱིས་གཤམ་གསལ་གྱི་དྲ་ཐག་ཁག་ནས་ཕབས་ལེན་གྱིས་བྱེད་སྤྱོད་གནང་ན་ཁྱེད་ཀྱི་མཉེན་ཆས་ཚད་ལྡན་ཁྲིམས་མཐུན་ཞིག་ཆགས་རྒྱུ་རེད། 
གཤམ་གསལ་རྣམས་ནི་ཁྱེད་ཀྱིས་ཕབས་ལེན་གནང་སའི་གནས་ཡིན། 








Tuesday 25 June 2013

Adobe Photoshop Lightroom Portable (32 Bits & 64 Bits) པར་བཟོའི་མཉེན་ཆས་གློག་འོད་ཁང་།

འདི་ནི་པར་བཟོའི་མཉེན་ཆས་གློག་འོད་ཁང་ཞེས་པ་དེ་རེད། མཉེན་ཆས་འདི་ཉིད་གྲགས་ཅན་ཨེ་ཌོ་བྷི་(Adobe)བཟོ་གྲྭའི་ཐོན་སྐྱེད་ཅིག་ཡིན་ནའང། མི་ཚོས་བེད་སྤྱོད་དེ་ཙམ་བྱེད་ཀྱིན་མེད། འོན་ཀྱང་སྐུ་ཉིད་ནས་ཚོད་ལྟ་ཞིག་གནང་ན་འགྲིག ཕབས་ལེན་བྱ་ཡུལ་གཤམ་གསལ་ལྟར་སྟི་གནས་མི་འདྲ་བ་གཉིས་གང་རུང་རྒྱུད་ནས་གནང་ཆོག 



Sunday 16 June 2013

Microsoft Office Professional Plus 2013 མཉེན་ཆས་ཡིག་ཚང་ཚད་མཐོ་ཤོས་ཐོན་རིམ་ ༢༠༡༣ ཅན།

འདི་ནི་གསང་ཟ་ཡོད་པའི་མཉེན་ཆས་ཡིག་ཚང་ཚད་མཐོ་ཤོས་ཐོན་རིམ་ ༢༠༡༣ ཅན་ (Microsoft Office Professional Plus 2013) དེ་ཡིན།
སྤྱིར་ང་ཚོར་རྒྱུས་ཡོད་པ་ལྟར་མཉེན་ཆས་ཡིག་ཚང་ཐོན་རིམ་གསར་པ་རྣམས་རིམ་བཞིན་ཡར་རྒྱས་རླབས་ཆེན་འགྲོ་བཞིན་ཡོད་པ་ལྟར། ད་ལན་མཉེན་ཆས་ཡིག་ཚང་ཐོན་རིམ་གསར་པ་ ༢༠༡༣ འདི་ལའང་ཐོག་མར་ཁ་འབྱེད་སྐབས་ནས་ཀྱང་ང་ཚོས་གསལ་པོར་ཤེས་ཐུབ་པ་ཞིག་ནི། འདིའི་གཙོ་པང་དང་ལྗོངས་བཀོད་རྣམས་གློག་ཀླད་སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ པའི་འགྲོས་ལྟར་འཆར་གྱིན་འདུག་པས་ཡིད་དུ་འབབ་པ་ཞིག་རེད། དེ་མིན་དམིགས་བསལ་ནང་གི་ཆ་ལག་ལའང་མིཀ་རོ་མཉེན་ཆས་བཟོ་གྲྭས་སྔོན་མའི་

Adobe After Effects CS3 Pro incl. Crack ཨེ་ཌོ་བྷི་བརྙན་འཕྲིན་བཟོ་བྱེད་ལེགས་ཤོས།

འདི་ནི་བརྙན་འཕྲིན་བཟོ་བཀོད་བྱེད་སྤྱད་ཀྱི་མཉེན་ཆེས་མཆོག་ཏུ་གྱུར་པ་ཞིག་རེད། མཉེན་
ཆས་འདི་ནི་ང་ཚོར་རྒྱུས་མངའ་ཡོད་པའི་གྲགས་ཅན་པར་བཟོའི་མཉེན་ཆས་བཟོ་གྲྭ་ Adobe ནས་བཏོན་པའི་ Adobe After Effects CS3 Pro. ཞེས་པ་དེ་རེད། འདི་ལ་མཆོག་དམན་དང་ཐོན་རིམ་སོགས་མང་པོ་ཞིག་ཡོད་པའི་ནང་ནས་ཐོན་རིམ་ ༣ དང་། གོ་གནས་ཆེད་སྦྱོང་ (Professional) ཡིན་པས་ཆེས་ལེགས་ཤོས་གྱི་གྲལ་ཞིག་ཡིན། གལ་སྲིད་ཁྱེད་ལ་ཨེ་ཌོབྷི་ཡི་ལག་རྩལ་ཅུང་ཡག་པོ་ཡོད་ན་མཉེན་ཆས་འདི་བེད་སྤྱོད་རྒྱུར་ལས་སླ་པོ་ཡིན། དེ་མིན་བརྙན་འཕྲིན་བཟོ་སྒྲིག་ཐད་མཁྱེན་རྟོགས་ཅུང་ཡོད་པ་ཚོ་ལའང་ལས་སླ་བར་སྙམ། ང་ཚོས་ད་ལྟའི་ཆར་མཐོང་ཐོས་སུ་གྱུར་པའི་རྫུ་འཕྲུལ་གློག་བརྙན་དང་། རྒྱ་ནག་དང་ཉི་ཧོང་སོགས་ཀྱི་

Friday 14 June 2013

All the Windows 8 Activator སྒེའུ་རྟགས་ཅན་ ༨ པའི་གསང་ཟ་འབྱེད་བྱེད།

འདི་ནི་སྒེའུ་རྟགས་ཅན་ ༨ པའི་གསང་ཟ་འབྱེད་བྱེད་ཅིག་རེད། གལ་སྲིད་ཁྱེད་ཀྱི་རིག་མཛོད་
སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ དེ་ཚད་ལྡན་མིན་ཚེ་ཟླ་ཤས་རྗེས་ནས་ལས་ཀ་ཏག་ཏག་བྱ་མི་ཐུབ། མ་ཟད་གནོན་སྐྱོན་དེའི་རྒྱུད་ནས་དྲ་དུག་འཛུལ་ཏེ་ཁྱེད་ཀྱི་ཡིག་ཆ་རིགས་མི་གཞན་གྱིས་རྐུ་འཁྱེར་ཡང་བྱ་སྲིད། དེས་ན་མཉེན་ཆས་འདི་བེད་སྤྱོད་གནང་ན་དཀའ་ངལ་དེ་དག་སེལ་ཐུབ་པར་མ་ཟད་ཁྱེད་ཀྱི་སྒེའུ་ཁུང་རྟགས་ཅན་ཡང་ཚད་ལྡན་ཞིག་ཏུ་འགྱུར་རྒྱུ་རེད། མཉེན་ཆས་འདི་དྲ་བའི་ཁྲིམས་ཆད་ལ་གཟབ་ཕྱིར་པར་གྱི་གཟུགས་སུ་བཅོས་ཡོད་སྟབས་དེ་ཇི་བཀྲོལ་སྟངས་འདིར་གཟིགས་རོགས། 

You can activate all the Windows 8 Versions via our software. Check it out.

Skype Video Call recoder མཁའ་གླེང་བརྙན་འབེབ་མཉེན་ཆས།

འདི་ནི་ Skype བརྙན་འབེབ་མཉེན་ཆས་ཞིག་རེད། དེའང་ནམ་རྒྱུན་ཁྱེད་ཀྱིས་སི་ཀིཔི་
རྒྱུད་ནས་སོ་སོའི་ངོ་ཤེས་གྲོགས་པོ་དང་། དགའ་ཉེ་སྤུན་མཆེད་རྣམས་དང་ལྷན་གློག་བརྙན་གྱི་ལམ་ནས་གཏམ་གླེང་བྱེད་ཀྱིན་ཡོད་དང་། ལྷག་དོན་དེང་སང་སི་ཀིཔི་ནི་བླ་མ་རྣམས་ཀྱིས་འཆད་ཉན་གནང་ས་དང་། ཆབ་སྲིད་པ་རྣམས་ཀྱིས་རྒྱལ་ཕམ་རྩོད་ས། རྩོམ་པོ་དང་ཉམས་ཞིབ་པ་རྣམས་ཀྱིས་ཤེས་ཡོན་གླེང་ས། ན་གཞོན་ཕོ་མོ་རྣམས་ཀྱིས་རྩེད་དགའ་རོལ་ས། མི་རྐྱང་འཁྱམས་པོ་བ་རྣམས་གྱིས་ཉི་མ་འཕུད་ས་ཞིག་རེད། ད་ལན་འདིར་ངོ་སྤྲོད་བྱེད་བཞིན་པའི་མཉེན་ཆས་འདིའི་རྒྱུད་ནས་ཁྱེད་ཀྱིས་ཕར་རོལ་པོ་ལ་གང་གླེང་བ་དང་། ཕར་ཕྱོགས་ནས་གང་མཐོང་བ་རྣམས་ཚེགས་མེད་ཐོག་བརྙན་གཟུགས་སུ་འབེབ་ཐུབ། 

Uniblue Driver Checker 2013 Full ཁ་ལོ་བ་རྣམས་རྟོག་བྱེད།

འདི་ནི་རིག་མཛོད་མ་ལག་གི་“ཁ་ལོ་བ་རྣམས་རྟོག་”ཐོན་རིམ་གསར་ཤོས་ཏེ་མཉེན་ཆས་སྤུས་ལེགས་ཞིག་རེད། དེའང་སྐབས་འགར་ཁྱེད་ཀྱི་རིག་མཛོད་ལ་དྲ་དུག་ཕོག་པའམ་ཡང་ན་མ་ལག་ཁག་འཁྲུག་ནས་དེ་དག་གི་ཁ་ལོ་བ་རྩ་མེད་དུ་ཕྱིན་པ། ཡང་ན་ཁ་ལོ་བ་ཐང་པོ་མེད་པ་སོགས་བྱུང་ཚེ་ཁྱེད་ཀྱི་རིག་མཛོད་ཡང་ནས་ཡང་དུ་འགག་པ་དང་དལ་པོར་འགྲོ་བ་སོགས་འབྱུང་གི་ཡོད། སྐབས་དེར་ཁྱེད་ཀྱིས་མཉེན་ཆས་འདི་བེད་སྤྱོད་ན་ཁ་ལོ་བ་

Various Activator for all སྣ་འཛོམས་གསང་ཟ་འབྱེད་བྱེད།

འདི་ནི་སྣ་འཛོམས་གསང་ཟ་འབྱེད་བྱེད་ཀྱི་མཉེན་ཆས་ཞིག་རེད། དེའང་མཉེན་ཆས་འདིས་རིག་མཛོད་སྒེའུ་ཁུང་རྟགས་ཅན་ ༧ དང་ ཝི་ས་ཊ། མཉེན་ཆས་ཡིག་ཚང་ཐོན་རིམ་ ༧། ༡༠། ༡༣། དེ་བཞིན་པར་བཟོའི་མཉེན་ཆས་ཨེ་ཌོབྷི སི ཨཱེས་ཐོན་རིམ་ ༣། ༤། ༥། བཅས་ཀྱི་གསང་ཟ་འབྱེད་ཐུབ་ཟེར།  

  • Windows Vista, 7,
  • Microsoft Office 07, 10, 13
  • Photoshope Cs3, 4, 5

Your Uninstaller 2012 Full Version ཁྱེད་ཀྱི་མཉེན་ཆས་ཕྱིར་འཐེན།

འདིའི་མིང་ལ་“ཁྱེད་ཀྱི་མཉེན་ཆས་ཕྱིར་འཐེན་”ཞེས་འདོགས་དགོས་པར་སྙམ། དེའང་ནམ་རྒྱུན་ཁྱེད་ཀྱི་རིག་མཛོད་དུ་བཅུག་ཟིན་པའི་མཉེན་ཆས་ཞིག་ཕྱིར་འཐེན་དགོས་ཚེ་མ་ལག་ Programme སོགས་ནས་བརྒྱུད་དེ་ཕྱིར་ཕྱུང་གི་ཡོད། འོན་ཀྱང་བརྒྱ་ཆ་བརྒྱ་གཙང་དག་ཏུ་བཟོ་གཏན་ནས་ཐུབ་ཀྱི་མེད། དཔེར་ན་ཞིབ་ཕྲའི་མ་ལག་གི་གསང་གྲངས་ཇི་སྙེད་ཅིག་རིག་མཛོད་དུ་རང་འཇག་ལུས་སྡོད་ཀྱིན་ཡོད། དེས་ན་གལ་སྲིད་རྗེས་ཕྱོགས་ནས་མཉེན་ཆས་དེའི་ཐོན་རིམ་གསར་པ་ཞིག་སླར་ཡང་འཇུག་དགོས་ཚེ། རང་འགུལ་གྱིས་ཁྱེད་ཀྱི་མཉེན་ཆས་དེ་རང་འཇག་འདུག་ཟེར་བའམ། ཡང་ན་ངོས་ལེན་མེད་ཟེར་བ་ལྟ་

IOS Theme Pack རིག་མཛོད་གཙོ་པང་རྗེ་བྱེད།

IOS གཙོ་པང་ལྗོངས་བཀོད་ནི་སྒེའུ་ཁུང་རྟགས་ཅན་རིག་མཛོད་ཀྱི་གཙོ་པང་ལ་ཀུ་ཤུ་རྟགས་
ཅན་གྱི་གཙོ་པང་ལྗོངས་བཀོད་འཆར་བྱེད་ཅིག་རེད། དེའང་འདིར་སྒེའུ་ཁུངས་རྟགས་ཅན་མ་ལག་ ༣༢ དང་ ༦༤ གཉིས་ཆར་བཀོད་ཡོད། འོན་ཀྱང་གལ་ཆེའི་གཟབ་ནན་ཞིག་ལ་གལ་སྲིད་ཁྱེད་ཀྱི་རིག་མཛོད་རྙིང་པའམ། ཡང་ན་སྐྱོན་ཡོད་པ། དེ་མིན་ཤུགས་ཚད་ཆུང་རིགས་སོགས་ཡིན་ཚེ་མཉེན་ཆས་འདི་བེད་སྤྱོད་མ་གཏང་ན་ལེགས། རྒྱུ་མཚན་ནི་མཉེན་ཆས་འདིའི་མ་ལག་གཙོ་གྲས་ཁག་ཅིག་ཀུ་ཤུ་རྟགས་ཅན་དང་གཅིག་མཚུངས་ཡིན་སྟབས་ཁྱེད་ཀྱི་རིག་མཛོད་འགུལ་མི་ཐུབ་པ་བཟོ་སྲིད། ཟུར་གྱི་པར་ངོས་དེ་ནི་སྒེའུ་ཁུང་རྟགས་ཅན་གྱི་གཙོ་པང་ཞིག་ཀུ་ཤུ་རྟགས་ཅན་གྱི་གཙོ་པང་དུ་གྱུར་ཟིན་པ་ཞིག་རེད། 

Windows 8 USB installer maker སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ པ་སྟབས་བདེའི་འཇུག་ཆས།

འདི་ནི་སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ པ་སྟབས་བདེའི་འཇུག་ཆས་ཞིག་ཡིན། སྤྱིར་རིག་མཛོད་མ་ལག་སྒེའུ་ཁུང་ནང་འཇུག་ཚེ་ཕལ་ཆེར་འོད་སྡེར་དང་སྡུད་སྡེར་སོགས་ནས་འཇུག་དགོས། འོན་ཀྱང་མི་རྣམས་ཀྱིས་དེང་རབས་ཚན་འཕྲུལ་ལ་བརྟེན་ནས་རིག་མཛོད་ཀློག་ཀླད་ཀྱི་མ་ལག་རྣམས་སྨྱུག་བྱང་ངམ་སྡུད་སྡེར། ཡང་ན་སྡུད་བྱང་(Pen drive, disk drive or memory card) སོགས་ནས་འཇུག་ཆོག་བཟོ་བཞིན་ཡོད། ད་

Windows 7 download (one click) སྒེའུ་ཁུང་རྟགས་ཅན་ ༧ ཡོངས་རྩེ་ཅན །

འདི་ནི་སྒེའུ་ཁུངས་རྟགས་ཅན་ཐོན་རིམ་ ༧ པ་ཡོངས་རྩེ་ཅན་ཞེས་པའི་མཉེན་ཆས་སྟེ། མ་ལག་ ༣༢ ཅན་དང་ ༦༤ ཅན་ (Windows 7 Ultimate, system 32+64 bits) གཉིས་ཀའི་ཆེད་དུ་སོ་སོར་ཡོད། ཕབས་ལེན་སྐབས་སུ་གཤམ་གྱི་དྲ་ཐག་ལ་ཐེངས་གཅིག་རང་སྣུན་ན་རང་འགུལ་གྱིས་ཕབས་ལེན་བྱེད་ཀྱི་རེད། དེ་ཡང་ཁྱེད་ཀྱི་རིག་མཛོད་ཀྱི་མ་ལག་གང་ཡིན་དང་བསྟུན་ནས་ཕབས་ལེན་གནང་རོགས། 

Foxit reader ཡིག་རིགས་ཀློག་བྱེད་མཉེན་ཆས།

འདི་ནི་ཡིག་ཆ་དང་དེབ་སོགས་ཀློག་བྱེད་མཉེན་ཆས་ཞིག་རེད། སྤྱིར་བཏང་མི་རྣམས་ཀྱིས་ཡིག་ཆ་དང་དེབ་སོགས་“སྟབས་བདེའི་ཡིག་ཆས་སྒྲིག་བཀོད་” དམ་ PDF བཟོས་ཟིན་པ་རྣམས་ Adobe PDF reader ཞེས་པའི་ནང་ཀློག་གིན་ཡོད་ཀྱང་། འོན་ཀྱང་འདིར་དེ་རིང་ངོ་སྤྲོད་ཞུ་བཞིན་པའི་མཉེན་ཆས་ Foxit Reader འདི་ནི་གོང་གི་ PDF Reader ལས་ཆེས་མགྱོགས་པ་

Viber for Pc སྒེའུ་ཁུངས་རྟགས་ཅན་ཆེད་ཝི་སྦར།

སྤྱིར་འདི་ནི་ཝི་སྦར་ཞེས་པའི་ཁ་པར་ནས་རིན་མེད་ཕན་ཚུན་སྐད་ཆ་བཤད་སའི་མཉེན་ཆས་ཞིག་ཡིན། མཉེན་ཆས་འདི་བྷེ་ལ་རུ་ས་ནས་ཀུ་ཤུ་རྟགས་ཅན་དང་ཨན་ཌི་རོ་སོགས་ཀྱི་མ་ལག་ཆེད་དུ་ཕྱི་ལོ་ ༢༠༡༠ ལོར་ཐོན་པ་ཞིག་རེད། ད་བར་མཉེན་ཆས་འདི་བེད་སྤྱོད་མཁན་ས་ཡ་གཉིས་བརྒྱ་ལྷག་ཅིག་འབྱུང་བཞིན་ཡོད། འདི་ཉིད་བེད་སྤྱོད་གཏོང་སྐབས་ངེས་པར་དུ་ཁྱེད་ཀྱི་ཁ་པར་ཨང་གྲངས་བེད་སྤྱོད་

དུག་འགོག་དང་གློག་ཀླད་བཀོད་སྒྲིག་སྙོམ་བྱེད་མ་ལག་གསར་ཤོས།Tuneup 2013 + Key and Crack

Tune Up 2013 གློག་ཀླད་བཀོད་སྒྲིག་སྙོམ་བྱེད་མ་ལག Tune Up ཞེས་པ་ནི་གློག་ཀླད་མདུན་ངོས་ཀྱི་བཀོད་སྒྲིག་སྙོམ་བྱེད་དང་། གློག་ཀླད་ཀྱི་རྒྱབ་ལྗོངས་དང་ལས་རྟགས། ཡིག་སྣོད་སོགས་ཀྱི་དབྱིབས་གཟུགས་རང་གི་འདོད་མོས་ལྟར་པར་དང་བསྒྲགས་ནས་བཀོད་སྒྲིག་བྱེད་ཐུབ། ད་དུང་འདི་ལ་མཆོག་ཏུ་མངའ་བའི་ཡོན་ཏན་ཞིག་ཡོད་པ་ནི། རིག་མཛོད་ལ་ནད་དུག་འགོས་ཡོད་མེད་ལྟ་ཐུབ་པར་མ་

Friday 17 May 2013

རིག་མཛོད་ཆེད་ཝི་གླེང་ཕབས་ལེན་བྱ་སྟངས།

དེ་རིང་འདིར་ཞུ་རྒྱུ་ནི་ཝི་གླེང་སྟེགས་སྐོར་ཡིན། ལོ་འཁོར་མོ་གཉིས་ཙམ་འདས་བཞིན་པའི་རིང་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་རིགས་རྣམས་ཀྱིས་ཝི་གླེང་སྟེགས་སམ་(Wechat) བེད་སྤྱོད་གཏོང་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འདི་ལ་ཕན་གནོད་གཉིས་སུ་ཡོད་པའི་ནང་ནས་ཕན་ཡོན་ནི་ཆེས་མགྱོགས་པོ་དང་སྤྱོད་སྒོ་ཆེ་བ། སྟབས་བདེ་བ་དང་རིན་པ་མི་དགོས་པ་སོགས་རེད།
གནོད་པའི་ཆ་ནི་རང་ཉིད་ཀྱིས་སོ་སོའི་དགའ་ཉེ་གྲོགས་པོ་དང་འབྲེལ་ཡོད་སོགས་ཀྱི་ཆར་སྐད་ཆ་གང་བཤད་པ་རྣམས་ཝི་གླེང་སྟེགས་དྲ་བའི་མ་ལག་ལས་ཁུངས་སུ་(རྒྱ་ནག་ཏུ་ཡོད)རང་འགུལ་གྱིས་ཉར་གྱིན་ཡོད་པས། གལ་སྲིད་ཁྱེད་རང་ལ་ཝི་གླེང་སྟེགས་སུ་ཞུགས་པའི་ཉིན་ནས་ཁྱེད་ཀྱིས་
ད་བར་སྐད་ཆ་གང་བཤད་དང་ཡིག་ཆ་རིགས་གང་བཏང་བ་རྣམས་སྐར་ཆ་གཅིག་གི་ནང་སྟོན་དགོས་ན་རིག་མཛོད་ཡིག་ཚག་(CPU Database) ནས་སྟོན་ཆོག་ཆོག་ཏུ་ཉར་ཡོད།
བེད་སྤྱོད་སྟངས་སྐོར་ཞུས་ན། མང་པོ་ཞིག་གིས་ཁ་པར་དང་ ipad, ipod ནང་ཁོ་ན་ལས་རིག་མཛོད་ (Computer) ནང་དུ་ཝི་གླེང་སྟེགས་བཟོ་རྒྱུ་ཡོད་པ་མི་མཁྱེན་མཁན་མང་པོ་ཞིག་ཡོད་པར་སེམས། དེར་བརྟེན་ད་ལན་ཁོ་བོས་རིག་མཛོད་སྒེའུ་ཁུངས་རྟགས་ཅན་(Windows)ནང་དུ་ཝི་གླེང་སྟེགས་བཟོ་སྟངས་ངོ་སྤྲོད་ཞུ་རྒྱུ་ཡིན།
ཐོག་མར་ཁྱེད་ཀྱིས་ཝི་གླེང་སྟེགས་ལ་མཁོ་བའི་དྲ་འབྱེད་མཉེན་ཆས་ཞིག་ཕབས་ལེན་བྱ་དགོས། དེའི་མིང་ལ་བོད་སྐད་དུ་སྒྱུར་ན་“རྩེག་པ་སྔོན་པོ་” (BlueStacks) ཟེར་དགོས་པ་འདྲ་སྟེ་ཕབས་ལེན་འདི་ནས་གནང་དགོས། འདི་ནི་ཁ་པར་དང་ཨི་པེཌ་སོགས་ལ་ཡོད་པའི་རྒྱུན་བཀོལ་མཉེན་ཆས་སམ་ (apps) མཛོད་ཁང་དང་གཅིག་པ་རེད། ཟུར་ཀྱི་པར་རིས་ལྟར་སོ་སོར་གང་དགོས་གདམས་ནས་ཕབས་ལེན་གནང་དགོས། ཕབས་ཟིན་པའི་མཉེན་ཆས་ནང་འཇུག་སྐབས་དྲ་འབྱེད་མཉེན་ཆས་ googlechrome སོགས་ལྟར་གསང་ཨང་སོགས་གང་ཡང་མེད། འོན་ཀྱང་ནང་འཇུག་སྐབས་སུ་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་འཇུག་དགོས་སྟབས་དེ་ནི་ནམ་རྒྱུན་ཁྱེད་ཀྱིས་སྤྱོད་བཞིན་པའི་ཝི་གླེང་སྟེགས་ཀྱི་ཁ་བྱང་དེ་རང་བེད་སྤྱོད་ན་འགྲིག དེའི་མཇུག་གྲུབ་རྗེས་ཁྱེད་རང་རྒྱུན་བཀོལ་
མཉེན་ཆས་མཛོད་ཁང་ (Appstore) དུ་སླེབས་ཡོད། དེའི་ནང་ནམ་རྒྱུན་བཞིན་ཝི་གླེང་སྟེགས་དང་། ཀ་ཀའོ་(Kakao)། ལིའིན་ (LINE)། ཏྲང་གོ (Tango)། ཁིའུ་ཁིའུ (QQ)། སོགས་ཁྱེད་ཀྱི་འདོད་མོས་ལྟར་ཕབས་ལེན་བྱེད་རྒྱུ་ཡོད། ཝི་གླེང་སྟེགས་སོགས་ནང་འཇུག་བྱ་སྟངས་ནི་ནམ་རྒྱུན་ལྟར་གལ་ཏེ་ཁྱེད་ལ་ཝི་གླེང་སྟེགས་སོགས་ཀྱི་ཁ་བྱང་མེད་ན་གསར་བཟོ་བྱེད་པ་དང་། གལ་ཏེ་ཡོད་ཚེ་ནམ་རྒྱུན་ཁ་པར་ནང་ལྟར་དེ་རང་བེད་སྤྱོད་ན་ཁ་འབྱེད་ཐུབ། །
Enjoy with it

Saturday 6 April 2013

Artisteer 4.1.0 དྲ་རྒྱ་བཟོ་བྱེད་རྒྱུ་རྩལ་སྣེ་འཛོམས་ཐོན་རིམ་ 4.1.0 ཅན།



དེང་སང་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཆེས་མང་པོ་རེད་ལ། དེ་བཞིན་བོད་ཡིག་གི་དྲ་རྒྱ་གཉེར་མཁན་དང་ཟིན་བྲིས་འབྲི་མཁན་ཡང་ལོ་རེ་ནས་མང་དུ་འགྲོ་བཞིན་ཡོད། དེ་དང་མཚུངས་རིན་མེད་ཟིན་བྲིས་ Blogger, Wordpress གཉེར་མཁན་ཡང་མང་པོ་ཡོད་པ་ནས་ཚད་ལྡན་སྒེར་བདག་ཟིན་བྲིས་ལྟ་བུའི་ས་མིག་སྐོང་ཐུབ་མཁན་གང་མང་ཞིག་ལས་དཔེར་མཚོན་ལེགས་ཤོས་ནི། བྱ་སྒྲོ་དཀར་པོའི་རྨི་ལམ་དང་། བོད་ཀྱི་རོལ་དབྱངས་གླིང་སོགས་རེད།
དྲ་རྒྱའི་ཤེས་ཡོན་ཀྱི་སྣེ་མོ་བོད་པའི་སྤྱི་ཚོགས་ཁྲོད་བསྲིང་བའི་སྐབས་དང་བསྟུན་ང་ཚོས་སོ་སོའི་ཤེས་ཡོན་དང་དཔགས་པའི་དྲ་གནས་དང་རིག་མཛོད་ལག་རྩལ་གང་ཡོད་རྣམས་ཕན་ཚུན་སློབ་རེས་དང་བསམ་བློ་བརྗེ་རེས་བྱ་དགོས་པ་གལ་ཆེན་ཞིག་ཏུ་མཐོང་། དེ་བཞིན་རྒྱ་ཆེན་མིན་ལ་མ་ལྟོས་པར་རང་གིས་གང་ཤེས་པ་དེ་སོ་སོའི་སྤྱི་ཚོགས་ནང་ལྷག་བསམ་རྣ་དག་གིས་ཞབས་འདེགས་ཞུས་པ་ཡིན་ན་གང་མཚམས་ཞིག་ཕན་ཐོག་གི་རེད་དྲན། དཔེར་ན་ལོ་སྔོན་མར་འགོ་བཙུག་པའི་བདག་གི་རིན་མེད་མཉེན་ཆས་ཕབས་ལེན་དྲ་གནས་(ཤམ་བྷ་ལ་མཉེན་ཆས་ཕབས་ལེན་དྲ་བ)ལ་ཕེབས་མཁན་ད་བར་སྟོང་ཕྲག་བཞི་མ་ཟིན་ཙམ་ཞིག་ལས་ཐེངས་ཉིས་སྟོང་དྲུག་བརྒྱ་ལྷག་ཤམ་བྷ་ལ་མཉེན་ཆས་ཕབས་ལེན་དྲ་བ་ནས་རིན་མེད་མཉེན་ཆས་ཕབས་ལེན་བྱས་ཡོད། མི་བུ་དེ་དག་གིས་བོད་སྐད་དང་བོད་ཡིག་གི་ལམ་ནས་ངའི་མཉེན་ཆས་ཕབས་ལེན་བྱེད་ཀྱི་ཡོད་སྟབས་དངོས་གནས་སེམས་པ་དགའ་འོས་པ་ཞིག་རེད། ཕྲན་གྱིས་འདི་ཕྱོགས་ནས་སློབ་གསེང་རྣམས་སུ་དུས་ཚོད་བེད་སྤྱད་དེ་རིན་མེད་མཉེན་ཆས་གང་མང་ཞིག་དྲ་ཐོག་ཏུ་བོད་འགྲེལ་དང་བཅས་ཏེ་འཇོག་ཐབས་བྱེད་ཀྱི་ཡོད་པ་ནི། གཅིག་ནས་སོ་སོའི་སྐད་དང་ཡི་གེའི་ལམ་ནས་དེང་རབས་ཀྱི་ཤེས་ཡོན་སྦྱོང་ཐབས་དང་། གཉིས་ནས་གང་ཟག་ཡོད་ཚད་ཕྱུག་པོ་དང་འབྱོར་བ་ཅན་མིན་སྟབས་གལ་སྲིད་མཉེན་ཆས་ཡག་པོ་ཞིག་ལག་ཏུ་རག་ཚེ་ལམ་སང་རིན་མེད་དུ་བཟོ་ནས་ལྷག་བསམ་རྣམ་དག་ངང་བོད་རིགས་དྲ་གྲོགས་ཚོར་འབུལ་ཐབས་ཞུ་བཞིན་ཡོད། འདི་ནི་ཕྲན་རང་ཉིད་འཕྲུལ་རིགས་ལ་མཁས་པའམ་ཡང་ན་དུས་ཚོད་མི་འཁྱོལ་བ་དེ་འདྲ་གཏན་ནས་མིན་པར་སོ་སོའི་གང་ཤེས་པ་དེ་མི་ལ་སྤེལ་ཐུབ་པའི་མིག་དཔེ་ཞིག་ཆགས་ན་སྙམ་བཞིན་ཡོད། དཔེར་ན་འོག་ཏུ་ངོ་སྤྲོད་ཞུས་པའི་མཉེན་ཆས་དེ་ཡུ་རུབ་ཁུལ་དུ་ཁྲོམ་ར་ནས་ཉོ་དགོས་ན་ཇི་ལྟར་ཁེ་པོ་རག་ཀྱང་མ་མཐར་ཡུ་སྒོར་ ༨༠ ནས་ཡར་རེད།
དེ་རིང་ངོ་སྤྲོད་ཞུ་རྒྱུའི་མཉེན་ཆས་དེ་ནི་དྲ་རྒྱ་བཟོ་བསྐྲུན་བྱེད་ཐབས་ཀྱི་མཉེན་ཆས་ཨར་ཊིས་ཊེར་ཐོན་རིམ་ 4.1.0 (Artisteer 4.1.0)ཅན་དེ་རེད། སྤྱིར་དྲ་རྒྱའི་

Friday 5 April 2013

A3D T& LM v12 བརྙན་འཕྲིན་སྔོན་འགྲོའི་འཆར་གཟུགས་བཟོ་བྱེད།

ནམ་རྒྱུན་ཁྱེད་ཀྱིས་བརྙན་འཕྲིན་གྱི་གསར་འགྱུར་དང་དེ་མིན་ལས་ཚན་ཁག་གི་སྔོན་
འགྲོར་ཆེད་དུ་བཟོ་སྒྲིག་བྱས་པའི་བརྙན་རིས་དང་པར་སོགས་དམིགས་བསལ་རྣམ་འགྱུར་དེ་འདྲ་ཡོང་གི་ཡོད་པ་མཁྱེན་གྱི་རེད། དེ་བཞིན་ཁྱེད་ཀྱིས་ཀྱང་དེ་ཚོ་ཇི་ལྟར་བཟོ་རྒྱུ་ཡོད་པ་མཁྱེན་འདོད་ཚེ་གཤམ་གསལ་ལྟར་གནང་ན་ལས་སླ་པོའི་ཐོག་ནས་མཁྱེན་ཐུབ། སྤྱིར་དེ་རིགས་གློག་བརྙན་
བཟོ་སྒྲིག་གི་མཉེན་ཆས་ཁག་ལའང་རང་འགུལ་གྱིས་ལེན་ཐུབ་མོད། འོན་ཀྱང་སོ་སོའི་འདོད་མོས་ལྟར་འཇུག་སྒྲིག་བྱ་བར་དམིགས་བསལ་གྱི་མཉེན་ཆས་དེ་འདྲ་དགོས་ཀྱི་ཡོད།
ད་ལན་བདག་གིས་འདིར་ཁྱེད་ལ་མཁོ་བའི་མཉེན་ཆས་ཞིག་ངོ་སྤྲོད་ཞུས་ཡོད་པས་ཚོད་ལྟ་གནང་རོགས། འདི་ནི་ཨའུ་རོ་ར་ ༣ ཌི་ Auroa 3D བཟོ་ཚོང་ཁང་གིས་བཟོ་བསྐྲུན་བྱས་པའི་ཨའུ་རོ་ར་ ༣ ཌི་ཡིག་རིགས་དང་ལས་རྟགས་བཟོ་བྱེད་ཐོན་རིམ་བཅུ་གཉིས་པ་ (Aurora 3D Text & Logo

Sunday 24 March 2013

WDSBD བརྙན་འཕྲིན་སྒྲིག་བཀོད་མཉེན་ཆས།

དེ་རིང་འདིར་གལ་ཆེའི་མཉེན་ཆས་ཞིག་ངོ་སྤྲོད་ཞུ་རྒྱུ་ནི། Wondershare DVD Slideshow Builder Deluxe ཟེར་བ་འདི་རེད། འདི་ནི་བརྙན་འཕྲིན་བཟོ་བྱེད་ཀྱི་མཉེན་ཆས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་ཁར། བོད་ཡིག་སོགས་ཡིག་རིགས་འདྲ་མིན་ངོས་ལེན་བྱེད་ཀྱི་ཡོད་རྩང་བརྙན་འགྲེལ་བོད་ཡིག་ལམ་དུ་གཏོང་རྒྱུར་ཆེས་ཕན་ཐོག་ཅན་ཞིག་རེད། དེ་བཞིན་བརྙན་གཟུགས་དང་པར་གཟུགས་ཁག་སོ་སོས་གང་འདོད་ལྟར་སྒྲིག་བཟོ་བྱེད་ཆོག་པ་དང་། བཟོ་བཀོད་གྲུབ་རྗེས་ངོ་དེབ་དང་ཡུ་ཊུབ། དེ་བཞིན་ཀུ་ཤུ་རྟགས་ཅན་སོགས་ཀྱིས་མཚོན་ཁ་པར་རིགས་དང་།

Saturday 16 March 2013

ཅོག་ངོས་འགུལ་རིས། Animated Wallpaper

སྐུ་ཉིད་ཀྱིས་སོ་སོའི་རིག་མཛོད་ཀྱི་ཅོག་ངོས་འགུལ་རིས་ཅན་ཞིག་ཏུ་གཉེར་འདོད་ཡོད་ན་འདིར་ཕེབས། མཉེན་ཆས་འདི་རིག་མཛོད་ཀྱི་ཅོག་ངོས་མཛེས་ཉམས་འཆར་བྱེད་ཅིག་རེད། མཉེན་ཆས་འདིའི་རྒྱུད་སོ་སོས་བཟོས་པའི་འགུལ་རིས་རྣམས་རིག་མཛོད་ཅོག་ངོས་སུ་འཆར་བར་རིག་པའང་རྙེད་སྲིད། མཉེན་ཆས་འདི་

Saturday 16 February 2013

To Send Large Files


http://www.typhoonupload.com/

དྲ་ལམ་ནས་རིན་མེད་དུ་ལག་ཐོག་ཁ་པར་ལ་འཕྲིན་ཐུང་གཏོང་ཚུལ།

ཁྱེད་ཀྱིས་དྲ་ལམ་ནས་རིན་མེད་ཐོག་གསལ་བསྒྲགས་ཐུང་ངུ་རིགས་མི་གཞན་གྱི་ལག་ཐོག་ཁ་པར་དུ་གཏོང་དགོས་ཚེ། གཤམ་གྱི་དྲ་ཐག་འདི་མནན་ཚེ་ཟུར་གྱི་རྟགས་ལྗང་ཁུ་དེ་འཆར་གྱི་རེད། དེར་མནན་རྗེས་རྒྱལ་ཁབ་གང་ཞིག་གི་མིང་འདེམས། སུ་ལ་གཏོང་དགོས་པའི་ལག་ཐོག་ཁ་པར་གྱི་ཨང་གྲངས་སོགས་སྤྲོད། དེ་ནས་གཤམ་དུ་ཁྱེད་ཀྱི་འཕྲིན་ཐུང་ངམ་གསལ་བསྒྲགས་དེ་ཕྲིས། མཇུག་གི་ངེས་གཏན་ཨང་ཡིག་དེ་དག་འཇུག་ཏེ་གཏོང་ཞེས་པར་མནན་ཚེ་འཇུག་གྲུབ་ཟིན། 
http://www.dailysms.hu/

གསལ་བསྒྲགས། གསལ་བསྒྲགས། གསལ་བསྒྲགས།

རྒྱ་ཆེའི་བོད་རིགས་རིག་མཛོད་པ་རྣམས་ལ་གསོལ་དོན། བདག་གིས་འདི་ནས་དྲ་ཐོག་ཏུ་རིན་མེད་མཉེན་ཆས་འགོད་བཞིན་པ་མང་ཕལ་ཆེར་ཁྲིམས་མཐུན་མིན་པའི་ཐབས་ལམ་ལ་བརྒྱུད་ཡོད་སྟབས། ཉེ་ཆར་བདག་གི་དྲ་ལམ་བསོག་སྣོད་ mediafire ལ་གཏོར་རྒོལ་ཐེབས་ཏེ་དེ་འབྲེལ་མཉེན་ཆས་ཡོད་ཚད་བེད་མེད་དུ་གྱུར་དང་འགྱུར་བཞིན་ཡོད་པར་བརྟེན་བདག་གིས་འདི་ནས་ཐབས་ལམ་གཞན་པ་ཞིག་བེད་སྤྱད་དེ་མུ་མཐུད་གལ་ཆེའི་མཉེན་ཆས་རིགས་རིན་མེད་འབུལ་འཆར་ལགས་ན། དེ་ལུགས་བདག་གིས་བརྒྱུད་ཡོད་པའི་ཐབས་ལམ་དེར་ཁྱེད་ཅག་ནས་བེད་ཇི་ལྟར་སྤྱོད་དགོས་མིན་གྱི་སྐོར་གཤམ་གསལ་ལྟར་ཡིན། རྗེས་སུ་བདག་གིས་དྲ་ཐོག་ཏུ་མཉེན་ཆས་གསར་པ་ཞིག་འགོད་སྐབས་དེའི་མཉམ་དུ་ཐབས་ལམ་དེ་གཏང་གི་ཡིན་པས་མཉེན་ཆས་གང་ཞིག་ཐོག་མར་མ་འཇུག་པའི་གོང་དུ་ངེས་པར་ཐབས་ལམ་དེ་ཀློག་གནང་ཡོད་པར་ཞུ། 
ཐབས་ལམ་ངོ་སྤྲོད་གཟིགས་འདོད་ཡོད་ཚེ་འདི་ནས་ཕེབས། Click here འདིར་གནོན་ནས་ཕབས་ལེན་བྱ་དགོས། 

Super, Super, Super 8 !!! གསང་ཟ། གསང་ཟ། གསང་ཟ།

འདི་ནི་སྒེའུ་ཁུང་རྟགས་ཅན་ཐོན་རིམས་ ༨ (Windows 8) ཡི་གསང་ཟ་འགྱེད་བྱེད་རེད། ཁྱེད་ཀྱི་རིག་མཛོད་འཕྲུལ་ཆས་ནང་དུ་སྒེའུ་རྟགས་ཅན་ཐོན་རིམས་ ༨ ཚད་ལྡན་མིན་ཚེ་ཡུན་རིང་སྡོད་ཀྱི་མ་རེད། དེ་ནི་ཚོང་ར་བས་ཅ་དངོས་དེ་སྐྱར་བྲིམ་ཆེད་ཁྱེད་རང་ལ་ངེས་པར་དུ་ཉོ་རུ་འཇུག་གི་ཡོད། འོན་ཀྱང་ཁྱེད་ཀྱིས་ཚོང་ར་ནས་གོང་ཆེན་སྤྲོད་ནས་ཉོ་མི་དགོས་པར་ཐབས་ལམ་འདི་བེད་སྤྱད་ན་ཁྱེད་ཀྱི་རིག་མཛོད་ཚད་ལྡན་དུ་ཆགས་ཀྱི་རེད། ཕབས་ལེན་གྲུབ་རྗེས་ཐད་ཀར་ནང་འཇུག་བྱ་མི་ཐུབ། དེ་ནི་མཉེན་ཆས་བདེ་འཇག་ཆེད་འདི་ནས་པར་གཟུགས་ཏེ་ .jpg བཟོས་ཡོད་པས་རེད། འོ་ན་ཇི་ལྟར་ནང་འཇུག་བྱ་དགོས་ཞེ་ན། ནང་འཇུག་གོང་དུ་ཕབས་ཟིན་པའི་ཡིག་སྣོད་དེ་བཙིར་ཆས་སམ་ . rar དུ་བཟོས་དགོས་པས། དེའི་སྐོར་གོང་གི་གསལ་བསྒྲགས་ཞེས་པར་གཟིགས་ན་མཁྱེན་གྱི་རེད། Click here འདིར་གནོན་ནས་ཕབས་ལེན་བྱ་དགོས། to download it.

Tuesday 8 January 2013

Adobe Photoshop CS6 Portable 32 Bits པར་བཟོའི་མཉེན་ཆས་ཐོན་རིམ ༦ མ་ལག་ ༣༢ ཆེད།

འདི་ནི་ཡོངས་གྲགས་ Adobe མཉེན་ཆས་ལས་པར་བཟོའི་མཉེན་ཆས་ (Photoshop CS6) ཐོན་རིམ་ ༦ རིག་མཛོད་མ་ལག་ ༣༢ པའི་ཆེད་དུ་རེད། མཉེན་ཆས་འདིར་ཐོན་རིམ་སྔོན་མ་རྣམས་དང་མི་འདྲ་བར་བོད་ཡིག་ཐད་ཀར་བཏགས་ཐུབ་པ་དང་། འདིར་བཀོད་པའི་མཉེན་ཆས་འདི་ནི་སྟབས་བདེའི་མཉེན་ཆས་སུ་བཟོས་ཡིན་ཞིག་སྟབས་གསང་ཨང་སོགས་གང་ཡང་མི་དགོས་པས་ལྷན་རྒྱས་ནས་ཐུགས་ལྷོད་ལྷོད་ངང་བེད་སྤྱོད་གནང་རོགས་ཞུ། 
འདིར་གནོན་ནས་ཕབས་ལེན་གནང་རོགས། Click here to download it.

Adobe Photoshop Portable 64 Bits པར་བཟོའི་མཉེན་ཆས་ཐོན་རིམ་ ༦ མ་ལག་ ༦༤ ཆེད།

འདི་ནི་ཡོངས་གྲགས་ Adobe མཉེན་ཆས་ལས་པར་བཟོའི་མཉེན་ཆས་ (Photoshop CS6) ཐོན་རིམ་ ༦ རིག་མཛོད་མ་ལག་ ༦༤ པའི་ཆེད་དུ་རེད། མཉེན་ཆས་འདིར་ཐོན་རིམ་སྔོན་མ་རྣམས་དང་མི་འདྲ་བར་བོད་ཡིག་ཐད་ཀར་བཏགས་ཐུབ་པ་དང་། འདིར་བཀོད་པའི་མཉེན་ཆས་འདི་ནི་སྟབས་བདེའི་མཉེན་ཆས་སུ་བཟོས་ཡིན་ཞིག་སྟབས་གསང་ཨང་སོགས་གང་ཡང་མི་དགོས་པས་ལྷན་རྒྱས་ནས་ཐུགས་ལྷོད་ལྷོད་ངང་བེད་སྤྱོད་གནང་རོགས་ཞུ། 
འདིར་གནོན་ནས་ཕབས་ལེན་གནང་དགོས། Click here to download it.

Adobe Illustrator CS6 Portable 32 Bit འཆར་སྣང་བཟོ་བཀོད་ཐོན་རིམ་ ༦ །

འདི་ནི་ཡོངས་གྲགས་ Adobe མཉེན་ཆས་ལས་པར་བཟོའི་མཉེན་ཆས་“འཆར་སྣང་བཟོ་བཀོད་”ཐོན་རིམ་ ༦ སྒེའུ་ཁུངས་རྟགས་ཅན་མ་ལག་ ༣༢ པའི་ཆེད་དུ་རེད། སྤྱིར་“འཆར་སྣང་བཟོ་བཀོད་”(Illustrator) འདི་ནི་འཕྲད་དར་དང་། པར་གཞི་རྒྱུ་ཆ་ཆེ་བའི་རིགས་བཟོ་བྱེད་མཆོག་ཏུ་སྔགས་པ་ཞིག་ཡིན།  འདིར་གནོན་ནས་ཕབས་ལེན་གནང་རོགས། Click here to download it.

Adobe Illustrator CS6 Portable 64 Bits འཆར་སྣང་བཟོ་བཀོད་མ་ལག་ ༦༤ ཆེད།

འདི་ནི་ཡོངས་གྲགས་ Adobe མཉེན་ཆས་ལས་པར་བཟོའི་མཉེན་ཆས་“འཆར་སྣང་བཟོ་བཀོད་”ཐོན་རིམ་ ༦ སྒེའུ་ཁུངས་རྟགས་ཅན་མ་ལག་ ༦༤ པའི་ཆེད་དུ་རེད། སྤྱིར་“འཆར་སྣང་བཟོ་བཀོད་”(Illustrator) འདི་ནི་འཕྲད་དར་དང་། པར་གཞི་རྒྱུ་ཆ་ཆེ་བའི་རིགས་བཟོ་བྱེད་མཆོག་ཏུ་སྔགས་པ་ཞིག་ཡིན།འདིར་གནོན་ནས་ཕབས་ལེན་བྱེད་རོགས། Click here to download it. This software for Windows 64 Bits.

Latest DJ Creation Portable DJ གཞས་བཟོ་སྒྲིག་མཉེན་ཆས།

འདི་ནི་གཞས་ཉན་རྒྱུར་དགའ་མཁན་རྣམས་ཀྱི་ཆེད་ཡིན། DJ གཞས་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་གཞས་རིགས་ཞིག་རེད། ཁྱེད་ཀྱིས་ DJ གཞས་བཟོ་འདོད་པའམ་ཡང་ན་གཏོང་འདོད་ཡོད་ཚེ་མཉེན་ཆས་འདི་བེད་སྤྱོད་དང་སྟབས་བདེ་པོ་ཡོད། Click here to download it.

Nero 12 Burning Portable ནེ་རོ་ཐོན་རིམ་ ༡༢ མཉེན་ཆས།

འདི་ནི་ Nero 12 བཟོ་སྒྲིག་མཉེན་ཆས་ཡིན། ཚང་མས་མཁྱེན་གསལ་ལྟར་ནེ་རོ་ནི་འོད་སྡེར་དང་བསྡུད་སྡེར། བརྙན་སྡེར་སོགས་ཀྱི་ནང་ཡིག་ཆ་དང་། བརྙན་འཕྲིན། གླུ་གཞས་སོགས་པར་སློག་བཟོ་བྱེད་ཀྱི་མཉེན་ཆས་ཞིག་རེད། ཚོད་ལྟ་གནང་དང་ཕན་ཐོག་འབྱུང་སྲིད། འདིར་གནོན་ནས་ཕབས་ལེན་གནང་རོགས། Click here to download it.