Header

Sunday 8 April 2012

Counter Striker V1.6 རིག་མཛོད་རྩེད་རིགས།

འདི་ནི་རིག་མཛོད་མཐོ་རིམ་རྩེད་རིགས་ཞིག་རེད། ཐོག་མར་ཁྱེད་ཀྱི་རིག་མཛོད་ཀྱི་ཤུགས་ཚད་མཐོ་རིམ་ཅན་ཞིག་ཡིན་དགོས་པ་དང་། ལྷག་པར་ཁྱེད་ཀྱི་རིག་མཛོད་དལ་པོ་ཡོད་ན་རྩེད་རིགས་འདི་ནང་འཇུག་མི་བྱ་ན་ལེགས། ཕབས་ལེན་བྱས་རྗེས་ནང་འཇུག་ཐད་མ་ལག་མཉེན་ཆས་ཟུར་དུ་ཐབས་ལམ་གང་ཡོད་པ་རྣམས་བདག་གི་ཟིན་བྲིས་ཀྱི་གཡོན་ཕྱོགས་(མཉེན་ཆས་བེད་སྤྱོད་སྟངས་སྐོར་གྱི་ཤེས་བྱ་)ཞེས་པར་གཟིགས་ནས་ཕྱག་བསྟར་གནང་རོགས།
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.
Enjoy with it

Motor Racer རླངས་འཁོར་རྒྱུག་འགྲན་རྩེད་ཆས།

འདི་ནི་རླངས་འཁོར་རྒྱུག་འགྲན་གྱི་རིག་མཛོད་རྩེད་ཆས་སྟབས་བདེ་ཞིག་རེད། ཁྱེད་ཀྱིས་ཕབས་ལེན་བྱས་རྗེས་སྟབས་བདེ་ཡིན་པས་ནང་འཇུག་ཐད་སྐུ་ངལ་གང་ཡང་མེད། འདིར་རྒྱུག་འཁོར་རིགས་གཉིས་ལས་མེད་པས་གལ་སྲིད་རིགས་གསུམ་པ་ཞིག་དགོས་ན་ཁྱེད་ཀྱིས་ངེས་པར་ཐོ་འགོད་བྱེད་པའམ་ཡང་ན་ཁྲོམ་ར་ནས་ཉོ་དགོས།
༔click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it
Enjoy with it

Can't Rename མིང་བཟོ་མི་ཐུབ་པའི་ཡིག་རིགས།

འདི་ནི་སྤྱིར་བཏང་གི་རིག་མཛོད་ཐད་ཀྱི་ཤེས་ཡོན་ཞིག་ཡིན། དཔེར་ན་ཁྱེད་ཀྱིས་སོ་སོའི་རིག་མཛོད་ཀྱི་ཅོག་ངོས་སུ་ཡིག་སྣོད་གསར་པ་ཞིག་བཟོ་དགོས་ཚེ་ནམ་རྒྱུན་ཁྱེད་ཀྱི་འདོད་མོས་ལྟར་མིང་འབྲི་ཐུབ་པར་མ་ཟད། དེང་གི་ཆར་བོད་ཡིག་ཀྱང་དཀའ་ཚིག་མེད་པར་འབྲི་ཐུབ་ཀྱི་ཡོད། འོན་ཀྱང་གཤམ་གྱི་ཡིག་རིགས་གང་ཞིག་ཡིག་སྣོད་དེའི་མིང་བཏགས་ཚེ་རིག་མཛོད་ཀྱིས་ངོས་ལེན་བྱེད་མི་ཐུབ། དཔེར་ན་ཁྱེད་ཀྱིས་ཡིག་སྣོད་གསར་པ་ཞིག་ལ་ཚོད་ལྟ་གནང་ནས་གཤམ་གྱི་མིང་ཚིག་དང་པོ་ “CON” ཞེས་པ་དེ་བྲིས་དང་རིག་མཛོད་ཀྱིས་ངོས་ལེན་བྱེད་ཀྱི་མ་རེད།


CON
PRN
AUX
NUL
COM1
COM2
COM3
COM4
COM5
COM6
COM7