Header

Wednesday 4 April 2012

Format Factory སྒྱུར་བྱེད་མཉེན་ཆས།

འདི་ནི་ཡིག་སྣོད་ངོ་བོ་(Format) སྒྱུར་བྱེད་ཀྱི་མཉེན་ཆས་སྟབས་བདེ་ཞིག་རེད། འདིས་བརྙན་འཕྲིན་རིགས་མི་འདྲ་བ་ ༡༣ ལྷག་(wmv, mpg,avi,mp4 སོགས་མང་)དང་། རོལ་དབྱངས་རིགས་མི་འདྲ་བ་ ༡༤ ལྷག་ (mp3,wma,wav,mp2,m4a སོགས་མང་) ད་དུང་པར་རིགས་མི་འདྲ་བ་ ༨ ལྷག་ (jpg,png,bmp,gif,tif སོགས་མང) ཞིག་ཕན་ཚུན་ངོ་བོ་ (Format) བརྗེ་སྒྱུར་བྱ་ཐུབ།  ད་དུང་བརྙན་སྡེར་ DVD ནས་ MP4, MPG སོགས་དང་། འདོ་སྡེར་ CD ནས་ MP3, WAV སོགས་ལ་ཐད་ཀར་བསྒྱུར་ཐུབ། ཕབས་ལེན་བྱས་རྗེས་ནང་འཇུག་ཐད་སྟབས་བདེའི་མཉེན་ཆས་ཡིན་པས་དཀའ་ངལ་གང་ཡང་མེད། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.

Internet Download Manager 6.11+Crack + Patch

འདི་ནི་ཕབས་ལེན་མཉེན་ཆས་ IDM (Internet Download Manager་6.11 + Crack + Patch) ཐོན་རིམས་ 6.11 ཅན་ཡིན། ཕབས་ལེན་བྱས་རྗེས་ནང་འཇུག་ཐད་གཤམ་གསལ་ལྟར་ཡིན། 
༡) ཕབས་ལེན་སྤྱི་མཚུངས་ལྟར་དང།
༢) མ་ལག་དུ་ཡོད་པའི་ Patch ཞེས་པ་དེ་པར་སློག་བྱ་ནས་བཅུག་ཟིན་པའི་མཉེན་ཆས་དེའི་ནང་དུ་གཏོང་དགོས།
༣) Patch ཞེས་པ་དེར་མཐེབ་ཀྱུ་གཉིས་གནོན་གྱིས་ཁ་འཕྱེ་རྗེས་ Patch Button ཞེས་པར་གཅིག་གནོན་བྱ་དགོས། དེ་ནས་ཁྱེད་ཀྱི་མཉེན་ཆས་དེ་ཁྲིམས་མཐུན་ལྟར་མཇུག་ཡོངས་སུ་གྲུབ་པ་ཡིན། 

Internet Download Manager Speed Up Add on ཕབས་ལེན་མཉེན་ཆས་མགྱོགས་ཚད་གཏོང་བྱེད།

འདི་ནི་མཉེན་ཆས་ཕབས་ལེན་ IDM གྱི་མགྱོགས་ཚད་གོང་འཕེལ་གཏོང་ཆེད་ཀྱི་མཉེན་ཆས་ཞིག་རེད། ཕབས་ལེན་བྱས་རྗེས་དང་ཐོག་ཁྱེད་ཀྱི་མཉེན་ཆས་ཕབས་ལེན་ IDM ཁ་འགྱེད་དགོས། དེ་ནས་མཉེན་ཆས་འདི་ནང་འཇུག་བྱ་ན་མཉེན་ཆས་ཕབས་ལེན་ IDM རང་འགུལ་གྱིས་སྐྱར་ཁ་འབྱེད་ཀྱི་རེད། དེ་རྗེས་ཁྱེད་ཀྱི་མཉེན་ཆས་ཕབས་ལེན་ཡོ་ཆས་ IDM སྔར་དང་མི་འདྲ་བར་མགྱོགས་ཚད་ལྡབ་ཀྱིས་མྱུར་གྱི་རེད།

Online Armor དྲ་ལམ་དུག་འགོག་མཉེན་ཆས།

འདི་ནི་ཚད་མཐོའི་དམིགས་བསལ་དྲ་ལམ་དུག་འགོག་མཉེན་ཆས་ཞིག་རེད། མཉེན་ཆས་འདིའི་དམིགས་བསལ་ནུས་པ་ནི་དྲ་ལམ་ནས་ཡོང་བའི་དུག་རིགས་འགོག་སྲུང་བྱེད་ཐུབ་པ་དང། དུག་རིགས་འདྲ་བའི་ཡིག་ཆ་རིགས་མི་གཞན་གྱིས་དྲ་ལམ་ནས་བཏང་པ་ཁག་དབྱེ་ཞིབ་བྱེད་ཐུབ་པ། ད་དུང་སོ་སོས་གཉེར་བཞིན་པའི་སྒེར་བདག་དྲ་བ་སོགས་ལའང་སྲུང་སྐྱོབས་བྱེད་པའི་ནུས་པ་སོགས་ཡོད་པར་བཤད་ཡོད། འོན་ཀྱང་ཁྱེད་ཀྱིས་མཁྱེན་དགོས་པ་ཞིག་ནི་མཐུད་སྡེར་ (USB) དང་འོད་སྡེར་ (CD) བརྙན་སྡེར་ (DVD) སོགས་ནས་ཡོང་བའི་དུག་རིགས་རྩ་བ་ནས་འགོག་སྲུང་བྱེད་མི་ཐུབ། ཕབས་ལེན་བྱས་རྗེས་ཟུར་གྱི་པར་རིས་ལྟར་ནང་འཇུག་གནང་རོགས།

Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.

Monlan Bodyig for Samsun mobile སྨོན་ལམ་བོད་ཡིག་སམ་སུན་ཁ་པར་ཆེད།

འདི་ནི་སྐུ་ཞབས་བློ་བཟང་སྨོན་ལགས་ཀྱིས་འདི་ལོར་གསར་དུ་བསྐྲུན་པའི་ཁ་པར་ Samsun Android 2.1 ཆེད་ཀྱི་བོད་ཡིག་མཉེན་ཆས་ཞིག་རེད། ཕབས་ལེན་བྱས་རྗེས་ནང་འཇུག་ཐད་ཀྱི་ཐབས་ལམ་འདིར་སྣུན་ནས་ཕྱག་བསྟར་གནང་རོགས།
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it 
Enjoy with it

Monlam Dictionary སྨོན་ལམ་ཚིག་མཛོད།

 འདི་ནི་སྨོན་ལམ་ཚིག་མཛོད་ཐོན་རིམ་ ༡.༠ ཅན་དེ་ཡིན། བེད་སྤྱོད་གཏོང་ཡུལ། ༡ Windows XP service pack2/pack3. WindowsVista.Windows 7.མ་ལག་གང་རུང་དགོས།
Ram 1GB ཡན་དགོས། (གལ་ཏེ་Ram 500MB ལས་མེད་ཀྱང་བེད་སྤྱོད་གཏོང་ཐུབ་མོད་ཅུང་དལ་འགོར་འགྲོ་ངེས་རེད།) རྩོམ་པ་པོས་གསུངས་པ་ལྟར་ཐད་ཀར་བཤུས། ཕབས་ལེན་རྗེས་སུ་ནང་འཇུག་ཐད་ཚིག་མཛོད་འདིའི་མཉམ་དུ་གསལ་བཤད་འདུག་པས་དེར་གཟིགས་ནས་ནང་འཇུག་གནང་རོགས།

Click here འདིར་གནོན་ནས་ཕབས་ལེན་གནང་རོགས།  to download it
Enjoy with it

Monlam bodyig 3 for Mac སྨོན་ལམ་བོད་ཡིག་གསུམ་པ་ཀུ་ཤུ་རྟགས་ཅན་ཆེད།

 འདི་ནི་སྨོན་ལམ་བོད་ཡིག་གསུམ་པ་ཀུ་ཤུ་རྟགས་ཅན་གྱི་རིག་མཛོད་ཆེད་དུ་ཡིན། ཕབས་ལེན་གྲུབ་རྗེས་ནང་འཇུག་ཐད་ཀྱི་ཐབས་ལམ་རྣམས་མཉེན་ཆས་འདིའི་མཉམ་དུ་ PDF རྟགས་ཅན་ནང་དུ་བཟོས་འདུག་པས་དེར་གཟིགས་ནས་ནང་འཇུག་གནང་རོགས།
Cick here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it. Enjoy with it

Adobe CS5 all Products Activator ཨེ་ཌོ་བེ་ ༥ ཡོངས་རྫོགས་ཀྱི་རྒྱབ་གཉེར།་

འདི་ནི་ Adobe CS5 ཁྱིམ་ཚང་མཉེན་ཆས་ཡོངས་རྫོགས་ཀྱི་གསང་ཟྭའམ་རྒྱབ་སྐྱོར་མཉེན་ཆས་ཁག་ཡིན། ཁྱེད་ཀྱིས་མཚམས་མཚམས་སུ་ Adobe ཁྱིམ་ཚང་གི་མཉེན་གང་ཞིག་རག་ཀྱང་ལས་ཀ་ཡུན་རིང་བྱེད་མི་ཐུབ་པ་དེ་འདྲ་ཡོང་གི་ཡོད། དེ་ནི་འགྲིམ་སྤེལ་བ་སོགས་ཀྱིས་རིན་མེད་དུ་བཀྲམ་ཚེ་དུས་ཐུང་ཞིག་ལས་པར་གཞི་ཚད་ལྡན་ཆ་ཚང་ཞིག་སྤྲོད་ཀྱི་མེད། སྐབས་དེ་འདྲར་གཤམ་ཀྱི་ཕབས་ལེན་དྲ་ཐག་ཁག་ནས་མཉེན་ཆས་འདི་དག་ཕབས་ལེན་གྱིས་ཁྱེད་ཀྱི་རིག་མཛོད་དུ་ཡོད་པའི་དུས་ཐུང་ཞིག་ལས་བེད་སྤྱད་མ་ཐུབ་པ་རྣམས་ཚད་ལྡན་བཟོ་ཐུབ། གཤམ་གྱི་ Crack ཞེས་པ་དང་། Serail སོགས་ཀྱི་བེད་སྤྱོད་སྟངས་བདག་གི་ཟིན་བྲིས་གཡོན་ངོས་ཀྱི་(མཉེན་ཆས་བེད་སྤྱོད་སྟངས་སྐོར་གྱི་ཤེས་བྱ་)ཞེས་པར་གཟིགས་ནས་བེད་སྤྱོད་སྟངས་རོགས།

 གཤམ་གསལ་རྣམས་ Adobe CS5 ཁྱིམ་ཚང་གི་སྡེ་ཚན་ཁག་རེད།
Support all Products of Adobe Family CS5. Support