Header

Sunday 1 April 2012

Super Hide IP དྲ་རྟགས་སྦས་སྐུང་།

འདི་ནི་སོ་སོའི་སྒེར་སྤྱོད་དྲ་རྟགས་ IP གབ་སྦས་བྱེད་ཆེད་ཀྱི་མཉེན་ཆས་སྤུས་ལེགས་ཞིག་རེད། མཉེན་ཆས་འདི་ཁྱེད་ཀྱི་བེད་སྤྱོད་ཚེ་ཁྱེད་ཉིད་ཀྱི་སྒེར་སྤྱོད་དྲ་རྟགས་སྦས་ཏེ་མི་གཞན་གྱིས་སྐུ་ཉིད་གང་ཞིག་ཏུ་བཞུགས་ཡོད་མིན་ཤེས་མི་ཐུབ། དེ་བཞིན་ཁྱེད་ཀྱིས་དུས་ཚོད་རིང་ཐུང་སོགས་བརྗེ་ཆོག་ལ། སྒྲིག་རྗེས་དུས་ཚོད་ལྟར་ཁྱེད་ཀྱི་སྒེར་སྤྱོད་དྲ་རྟགས་ཚབ་ཏུ་དྲ་རྟགས་རྫུན་མ་ཞིག་སྟོན་གྱི་རེད། དེའང་དུས་ཚོད་རིང་ཐུང་ལྟར་འགྱུར་བ་འགྲོ་ཡི་རེད། ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་སུ་ཕབས་ཟིན་མ་ལག་མཉམ་དུ་ Patch ཞེས་པ་དེ་ཡོད་པས་དེ་ལ་གང་དགོས་བདག་གི་ཟིན་བྲིས་གཡོན་ངོས་ཀྱི་(མཉེན་ཆས་བེད་སྤྱོད་སྟངས་སྐོར་གྱི་ཤེ་བྱ་) ཞེས་པར་གཟིགས་རོགས།
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.

Aegisub 2.1.9 བརྙན་ཡིག་བཟོ་བྱེད་གསར་པ།





འདི་ནི་བརྙན་འཕྲིན་ངོས་ཀྱི་ཡིག་བཏགས་ཆེད་དུ་དམིགས་བསལ་བཟོས་པ་ཞིག་རེད། འདི་ཆེས་གསར་ཐོན་གྱི་མཉེན་ཆས་སྟབས་བདེ་ཞིག་དང་། དེ་རིང་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ཡར་བརྩིས་པའི་ཉིན་གྲངས་ ༤༨ སྔོན་དུ་བཟོས་ནས་དུས་ཡུན་རིང་པོར་ཕྱིན་མེད་ནའང་འཛམ་གླིང་བརྙན་འཕྲིན་བཟོ་སྒྲིག་པ་རྣམས་ཀྱིས་དགའ་མོས་དང་གདེངས་འཇོག་བྱེད་ཀྱི་ཡོད། འདི་ལ་དམིགས་བསལ་བརྙན་འཕྲིན་བཟོ་སྒྲིག་གི་ཐད་ལ་ཁྱད་ཡོན་འགའ་ཞིག་ཡོད་པ་ནི། སྟབས་བདེའི་མཉེན་ཡིན་པ་དང་། ཤུགས་ཚད་མཐོ་རིམ་ཅན་ཡིན་པ། རྒྱལ་སྤྱིའི་ཨང་རྟགས་ཅན་གྱི་ཡིག་རིགས་ ༣༠ ལྷག་ཙམ་ཞིག་ངོས་ལེན་བྱེད་ཐུབ་པ། བརྙན་ཡིག་གང་འདོད་ལྟར་འགོད་ཐུབ་པ་སོགས་དུ་མ་ཞིག་ཡོད་པར་བཤད་འདུག ཕབས་ལེན་བྱས་རྗེས་སྟབས་བདེའི་མཉེན་ཆས་ཡིན་པར་སོང་སྐུ་ངལ་གང་ཡང་མེད།

Click here to download it 
Enjoy with it

Word converter with PDF and MS Word ཡིག་ཆས་སྒྱུར་བྱེད།

འདི་ནི་སྟབས་བདེའི་ཡིག་ཆས་སྒྲིག་བཀོད་ (PDF) དུ་བཟོས་ཟིན་པའི་ཡིག་ཆ་རྣམས་མཉེན་ཆས་ཡིག་ཚང་ MS Word ལ་བསྒྱུར་བ་དང་། ཡང་ན་དེ་རྣམས་ལུགས་ལྡོག་ཚུལ་དུ་སྒྱུར་བྱེད་ཀྱི་སྒྲིག་ཆས་སྟབས་བདེ་ཞིག་ཡིན། ཡིན་ནའང་བོད་ཡིག་རྣམས་ད་ལྟའི་ཆར་བསྒྱུར་མི་ཐུབ་ཀྱང་མཁས་དབང་རྣམས་ཀྱིས་འབེད་བརྩོན་གནང་བཞིན་ཡོད་པའི་གནས་ཚུལ་འདུག ཕབས་ལེན་བྱས་རྗེས་སྟབས་བདེའི་མཉེན་ཆས་ཡིན་པས་ནང་འཇུག་ཐད་དཀའ་ངལ་གང་ཡང་མེད།
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it 
Enjoy with it

Adobe Photoshop CS6 པར་བཟོའི་མཉེན་ཆས་ CS 6 གསར་ཤོས།

 འདི་ནི་པར་བཟོའི་མཉེན་ཆས་གྲགས་ཅན་ Adobe Photoshop CS 6 ཐོན་རིམ་གསར་པ་དེ་རེད། ཕབས་ལེན་སྐབས་སུ་གཤམ་གྱི་དྲ་ཐག་ ༨ ཆ་ཚང་ཕབས་ལེན་གྲུབ་རྗེས་གང་རུང་ཞིག་ལ་བཙིར་ཆས་སུ་བཟོ་དགོས། དེ་རྗེས་ཡང་སྐྱར་བཙིར་ཆས་སུ་བཟོས་པ་དེ་ཁ་འཕྱེ་ན་མཉེན་ཆས་ཆ་ཚང་ཞིག་ཏུ་འགྲུབ་ཀྱི་རེད། དེ་ནས་