Header

Saturday 31 March 2012

Maxthon 3 དྲ་འབྱེད་མཉེན་ཆས་མགྱོགས་ཤོས།

 འདི་ནི་དྲ་འབྱེད་མཉེན་ཆས་མགྱོགས་ཤོས་ཞིག་རེད། འདི་ལ་དམིགས་བསལ་ཁྱད་ཡོན་ནི་ཕབས་ལེན་ཡོ་ཆས་དང་། པར་རྒྱག་ཡོ་ཆས། ཉར་ཚག་ཡོ་ཆས་སོགས་འགའ་ཞིག་རང་ཆས་ཚུལ་དུ་ཡོད། འོན་ཀྱང་བོད་ཡིག་ལ་དེ་ཙམ་གྱིས་ཚག་སྡམ་པོ་མེད་པར་སེམས་ཀྱང་དཔྱད་པར་མཛོད།
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it
Enjoy with it

Picasa 3.9 least version པར་འབྱེད་མཉེན་ཆས་གྲགས་ཅན།

 འདི་ནི་བརྙན་པར་འཆར་བྱེད་ཀྱི་ཐད་བཟོ་སྐྲུན་མཛེས་བཀོད་སོགས་གང་མོས་བྱེད་ཆོག་པའི་སྣ་འཛོམས་པར་འབྱེད་ཞིག་རེད། ཁྱེད་ཀྱིས་མཉེན་ཆས་འདིའི་ནང་དུ་པར་དང་བརྙན་འཕྲིན། ད་དུང་ཁྱེད་ཀྱིས་མི་ག་གེ་མོ་ཞིག་གི་པར་ལ་མིང་བྱང་བཀོད་དེ་འཚོལ་བཅུག་དང་། ཁྱེད་ཀྱི་རིག་མཛོད་དུ་ཡོད་པའི་མི་དེའི་པར་ཡོད་ཚད་དུས་གཅིག་ཏུ་འཆར་ཐུབ། ད་དུང་འདི་ལ་ཆེས་དམིགས་བསལ་བ་ཞིག་ཡོད་པ་ནི། པར་ཞིག་ཕྱིར་བཀྱེད་ག་ཚོད་བྱས་ནའང་པར་གྱི་རྒྱུ་ཆ་དེ་ག་རང་དུ་གནས་རྒྱུ་རེད།
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it
Enjoy with it

AVG Anti virus དུག་འགོག་མཉེན་ཆས།


འདི་ནི་ཚད་མཐོའི་དུག་འགོག་མཉེན་ཆས་ཞིག་ཡིན། ཕབས་ལེན་གནང་རྗེས་ནང་འཇུག་ཐད་སྟབས་བདེའི་རིགས་ཡིན་པས་དཀའ་ངལ་གང་ཡང་མེད། ཁྱེད་ཀྱིས་བེད་སྤྱོད་སྐབས་གལ་སྲིད་ཁྲོམ་རའི་དག་ཐེར་མ་ཐེབས་པའི་མཉེན་ཆས་རིགས་འཇུག་དགོས་སྐབས་མཉེན་ཆས་འདི་ཁ་འགོག་དགོས། ཁྲོམ་རའི་དག་མཆན་མེད་པའི་མཉེན་ཆས་རིགས་རྣམས་དུག་འགོག་མང་ཆེ་བས་དུག་རིགས་སུ་ངོས་འཛིན་བྱེད་ཀྱི་རེད།

Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it Enjoy with it

Skype 5.8.0.158 མཁའ་གཟུགས་གཏམ་གླེང་ཐོན་རིམ་གསར་པ།

འདི་ནི་མཁའ་གཟུགས་གཏམ་གླེང་ (Skype) ཐོན་རིམ་གསར་ཤོས་དེ་ཡིན། འདིའི་ཁྱད་ཡོན་གསར་པ་ཁག་ནི་ཉེ་ཐོན་གྱི་མཁའ་གཟུགས་གཏམ་གླེང་ཐོན་རིམ་གཞན་པ་དང་འདྲ་བར་དུས་གཅིག་མི་མང་པོ་ཞིག་གིས་ཕྱོགས་མཐའ་རུ་ནས་བརྙན་གཟུགས་གཏམ་གླེང་བྱེད་ཆོག་པ་དང་། གཟུགས་རིས་དང་ཡིག་རིགས་སོགས་ཆེས་གསལ་ལ་དངས་བ་རྣམས་ཀྱི་ཁྱེད་ཡོན་ཡོད། ཕབས་ལེན་རྗེས་སུ་ནང་འཇུག་ཐད་སྟབས་བདེ་ཡིན་པས་སྐུ་ངལ་གང་ཡང་མེད། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it. 
Enjoy with it