Header

Friday 30 March 2012

Crazy Talk or Animation Creator རི་མོའི་བརྙན་འཕྲིན་བཟོ་བྱེད།

འདི་ནི་རི་མོའི་གློག་བརྙན་བཟོ་བྱེད་ཀྱི་མཉེན་ཆས་ལེགས་ཤོས་ཞིག་རེད། དཔེར་ན་ང་ཚོས་དེང་སང་བརྙན་འཕྲིན་སོགས་ལས་མཐོང་བཞིན་པའི་དུད་འགྲོས་མི་སྐད་སྨྲ་བ་དང་། རི་མོས་གཏམ་གླེང་ ( དཔེར་ན་ Tom and Jerry ) བྱེད་པ་སོགས་འདི་དག་ནས་བཟོ་བཞིན་ཡོད། ད་དུང་རི་མོའི་གློག་བརྙན་གཞན་དག་ཀྱང་བཟོ་སྒྲིག་བྱ་ཐུབ། བཟོས་ཟིན་པའི་

Ulead Video Editor Software བརྙན་འཕྲིན་སྒྲིག་བཟོའི་མཉེན་ཆས།

འདི་ནི་བརྙན་འཕྲིན་ཆེད་སྒྲིག་བཟོ་བྱེད་ཀྱི་མཉེན་ཆས་ལེགས་པོ་ཞིག་རེད། འདི་ལ་དམིགས་བསལ་དྲ་ཐོག་ནས་ཕབས་ལེན་བྱེད་སྐབས་ཆོག་མཆན་ཁྱེར་ཆོག་ཟེར་གྱི་རེད། དེ་དུས་ཁྱེད་ཀྱིས་ཡི་གེ་ andystonecold འདི་རྣམས་སྤྲོད་དགོས། ཕབས་ལེན་བྱས་ནས་ནང་འཇུག་སྐབས་སུ་མཉེན་ཆས་ཨ་མར་ཐབས་ལམ་གང་ཞིག་འདུག་འཚོལ་ནས་ནང་འཇུག་བྱ་དགོས། ཐབས་ལམ་དེ་དག་མཁྱེན་ཆེད་བདག་གི་དྲ་ངོས་གཡོན་ཕྱོགས་སུ་(མཉེན་ཆས་བེད་སྤྱོད་སྟངས་སྐོར་གྱི་ཤེས་བྱ་) ཞེས་པར་གཟིགས་ནས་ཕྱག་བསྟར་གནང་རོགས། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it. 
Enjoy with it

Free Audio Editor རོལ་དབྱངས་བཟོ་སྒྲིག་མཉེན་ཆས།

འདི་ནི་རོལ་དབྱངས་བཟོ་སྒྲིག་གཅོད་བཏུབ་སོགས་ཀྱི་མཉེན་ཆས་ཞིག་ཡིན། ཕབས་ལེན་བྱས་རྗེས་སྟབས་བདེ་ཡིན་པས་ནང་འཇུག་སོགས་ལ་དཀའ་ངལ་གང་ཡང་མེད། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download this software. Enjoy with it

Kugoo Movies Player རོལ་དབྱངས་གཏོང་འཁོར་གྲགས་ཅན།

འདི་ནི་ནུབ་ཤར་ཨེ་ཤ་ཡའི་ཡུལ་གྲུ་སོགས་སུ་གྲགས་ཆེ་བའི་རོལ་གཞས་གཏོང་འཁོར་ཀུ་གུ་ཟེར་བ་དེ་རེད། འདི་ལ་དམིགས་བསལ་གྱི་ཁྱད་ཡོན་འགའ་ཞིག་ཡོད་པའི་ནང་ནས་ཆེས་སྟབས་བདེ་བ་ཞིག་ནི། གཞས་གཏོང་སྐབས་གལ་སྲིད་གཞས་དེའི་འབྲུ་ཚིག་རྒྱལ་སྤྱིའི་སྐད་ཡིག་ཆེན་པོ་རྣམས་ཀྱི་ནང་ཚན་ཡིན་ན་ཚིག་འབྲུ་རྣམས་རང་འགུལ་གྱིས་འཆར་གྱི་ཡོད་པ་

Very Nice Movies Player བརྙན་འཕྲིན་གཏོང་འཁོར་གྲགས་ཅན།

འདི་ཡང་བརྙན་འཕྲིན་གཏོང་འཁོར་ཚད་ལྡན་ཞིག་ཡིན་པར་མ་ཟད་བརྙན་འཕྲིན་གྱི་རྒྱུ་ཆ་ (Format) གང་འདྲ་ཞིག་ཡིན་ནའང་གཏོང་ཐུབ། ལྷག་དོན་ནམ་རྒྱུན་བརྙན་འཕྲིན་རྙིང་པའི་རིགས་གཏོང་འཁོར་དུ་ཡང་ཡང་འགག་པ་སོགས་ཀྱི་དཀའ་ངལ་ཡང་སེལ་ཐུབ། དམིགས་བསལ་གཏོང་འཁོར་འདི་ལ་གཞན་དང་མ་འདྲ་བའི་ཁྱད་ཡོན་ཞིག་ནི་གལ་སྲིད་ཁྱེད་ཀྱིས་དྲ་ལམ་ནས་

Fl2 Movies Player བརྙན་འཕྲིན་གཏོང་འཁོར།

འདི་ནི་བརྙན་འཕྲིན་གཏོང་འཁོར་སྤུས་ལེགས་ཞིག་རེད། མཉེན་ཆས་ཀྱི་སྐད་རིགས་རྒྱ་སྐད་ཡིན་ཀྱང་ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་རིམ་བཞིན་གཤམ་འདེད་ (Next) བྱེད་བཞིན་འགྲོ་ན་སྐུ་ངལ་གང་ཡང་མེད། གཏོང་འཁོར་འདི་ནི་དམིགས་བསལ་གྱི་ཁྱད་ཡོན་ནི་མུ་འབྲེལ་བརྙན་འཕྲིན་རིགས་ལ་གཅིག་རྗེས་གཉིས་མཐུད་ཀྱིས་རང་འགུལ་དུ་གཏོང་ཐུབ་པ་དང་། ད་དུང་བརྙན་འཕྲིན་དུ་ཡོད་པའི་གལ་ཆེའི་དཔར་རིགས་པར་སློག་བྱ་ཐུབ་པ་མ་ཟད་རྒྱུ་ཆ་ཡང་པར་ལེན་ཡོ་ཆས་དང་གཅིག་མཚུངས་ཡིན།  
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.
Enjoy with it

Cursor Creator འོད་རྟགས་བཟོ་བྱེད།

འདི་ནི་ཙི་ཙིའི་མདའ་རྩེའམ་འོད་རྟགས་བཟོ་བྱེད་ཀྱི་མཉེན་ཆས་སྟབས་བདེ་ཞིག་ཡིན། ནམ་རྒྱུན་ཁྱེད་ཀྱིས་མཐོང་བ་ནི་ཙི་ཙི་གང་ཞིག་ཏུ་འཁྱེར་ན་མདའ་རྩེ་ཞིག་རང་བཞིན་ཡོང་གི་ཡོད། དེ་ལ་འོད་རྟགས་སམ་ (Cursor) ཟེར། དེ་ཉིད་ཁྱེད་ཀྱིས་གདོད་པ་ལྟར་བཟོ་ཆོག་ལ། གལ་སྲིད་ཁྱེད་ལ་བཟོ་ཁོམ་ཀྱི་དུས་ཚོད་མེད་ཚེ། Google དྲ་ལམ་ནང་དུ་གོང་གི་དབྱིན་ཡིག་དེ་རྒྱག་སྟེ་འཚོལ་ན་ཁྱེད་ལ་གང་དགོས་རག་གི་རེད། 
མཉེན་ཆས་ནང་འཇུག་བྱེད་སྐབས་སྟབས་བདེ་ཡིན་པས་དཀའ་ངལ་གང་ཡང་མེད། བེད་སྤྱོད་དང་བཟོ་སྐྲུན་ནི་རང་གི་མཁྱེན་དཔྱོད་ལ་རག་ལས་པ་ཡིན། འོན་ཀྱང་བཟོས་ཟིན་པ་རྣམས་འོད་རྟགས་མཁྲེག་ཆས་ལམ་དུ་གཏོང་སྟངས་ཟུར་གྱི་པར་རིས་ལྟར་ཡིན། 


Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download this software.Enjoy with it

Microsoft Office 2010, 2007, 2003 Activator མཉེན་ཆས་ཡིག་ཚང་གསང་རྒྱ་འཁྲོལ་བྱེད།

འདི་ནི་མཉེན་ཆས་ཡིག་ཚང་ཐོན་རིམ་ ༢༠༠༣། ༢༠༠༧། ༢༠༡༠ (Microsoft Office 2003, 2007, 2010) བཅས་ཀྱི་གསང་རྒྱ་འཁྲོལ་བྱེད་ཀྱི་མཉེན་ཆས་ཞིག་རེད། མཚམས་རེར་ཁྱེད་ལ་མཉེན་ཆས་ཡིག་ཚང་ཐོན་རིམ་གང་ཞིག་རག་ཀྱང་ཚད་ལྡན་མིན་པར་ཚོད་ལྟ་ཅན་མང་པོར་རག་སྲིད། ལྷག་པར་རིག་མཛོད་ཐོག་མར་ཉོ་སྐབས་ཁྲོམ་ར་མང་པོ་ཞིག་གིས་མཉེན་ཆས་ཡིག་ཚང་(Microsoft Office ) ཚོད་ལྟ་ཅན་སྤྲོད་པར་མང་། དེ་འདྲའི་རིགས་ལ་ཟླ་བ་གཅིག་རྗེས་ནས་གོ་མེད་ཆགས་རྒྱུ་རེད། སྐབས་དེར་ཁྱེད་ཀྱིས་མཉེན་ཆས་འདི་ཕབས་ལེན་བྱས་རྗེས་ཟུར་ངོས་ཀྱི་སྒེའུ་ཁུང་དེ་འཆར་ཡོང་བས། ཁྱེད་ཀྱིས་མཉེན་ཆས་ཡིག་ཚང་ཐོན་རིམ་གང་ཞིག་གི་གསང་རྒྱ་དགྲོལ་དགོས་ན་གཡས་ངོས་ཀྱི་ཟུར་ལྟར་གདམས་ནས་གཡོན་ངོས་ཀྱི་ EZ-Activator ཞེས་པར་མནན་ན་རང་འགུལ་གྱིས་གཏན་འཇག་བཟོ་རྒྱུ་རེད། 
Click here འདིར་གནོན་ནས་ཕབས་ལེན་གངན་རོགས། to download this Activator.
Enjoy with it མཉེན་ཆས་འདིས་ཁྱེད་ཀྱི་ཐུགས་སེམས་འགུ་བའི་རེ་བ་ཡོད། 

Windows 7 Ultimate སྒེའུ་ཁུང་ ༧ རྟགས་ཅན་གྱི་ཚད་མཐོའི་མ་ལག

འདི་ནི་རིག་མཛོད་སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༧ པ་ཅན་གྱི་མཉེན་ཆས་མ་ལག་དེ་ཡིན། སྤྱིར་སྒེའུ་ཁུང་ ༧ རྟགས་ཅན་ལ་རབ་འབྲིང་ཐ་གསུམ་ཡོད་པའི་ནང་ནས་འདི་ནི་མཐའ་སྡོམ་ཅན་ནམ་ཚད་མཐོའི་མ་ལག་ Ultimate ཞེས་པ་དེ་རེད། ཁྱེད་ཀྱིས་ཕབས་ལེན་བྱ་ཚེ་དྲ་རྒྱའི་ཤུགས་ཚད་ཆེ་ཙམ་ཡོད་དགོས། གཤམ་གསལ་གྱི་སྡེ་ཚན་ ༢༢ པོ་ཆ་ཚང་ཕབས་ལེན་(སྡེ་ཚན་རེའི་ཐོག་ཏུ་གནོན་ན་རང་འགུལ་གྱིས་ཕབས་ལེན་བྱ་རྒྱུ་རེད)བྱས་རྗེས། ཁྱེད་ཀྱིས་ཕབས་ཟིན་པའི་ཡིག་སྣོད་དེ་བཙིར་ཆས་ RAR ནང་དུ་ཡོད་པས་ཁ་འབྱེད་ན་སྡེ་ཚན་གཉིས་ཡོད། སྟབས་བདེའི་མཐུད་སྡེར་ནང་དུ་འཁྱེར་ཆོག་ཞིག་དང་། བརྙན་སྡེར་ནང་དུ་འཁྱེར་ཆོག་གཉིས་སུ་ཡོད་པས་གང་འདོད་ལྟར་གཟིགས་གནང་། ནང་འཇུག་བྱ་སྟངས་ནི་སྤྱིར་སྒེའུ་ཁུང་རྟགས་ཅན་གྱི་མ་ལག་འཇུག་སྟངས་ལྟར། མཉེན་ཆས་འདི་ཉིད་ཁྱེད་ཀྱིས་སྟབས་བདེའི་མཐུད་སྡེར་རམ་བརྙན་སྡེར་ (USB disc or DVD) གང་རུང་ནང་དུ་ཉར་ཡོད་པ་གང་ཞིག་ལ། ཐོག་མར་ཁྱེད་ཀྱིས་རིག་མཛོད་ཁ་འབྱེད་སྐབས་འགུལ་སློང་ངམ་ boot ཞེས་པར་བེད་སྤྱོད་ནས་གོང་གི་མཉེན་ཆས་ཡོད་པའི་སྟབས་བདེའི་མཐུད་སྡེར་རམ་བརྙན་སྡེར་ (UBS disc or་DVD ) དེ་ཁྱེད་ཀྱི་རིག་མཛོད་དུ་མཐུད་དགོས། རིག་མཛོད་ཀྱིས་ཁྱེད་ལ་འོད་སྡེར་ (CD) དང་པོར་གཏོང་དགོས་སམ། ཡང་ན་མ་ལག་གཞན་རྣམས་དང་པོར་གཏོང་དགོས་ཟེར་གྱི་རེད། དེ་སྐབས་ཁྱེད་ཀྱིས་མཐུད་སྡེར་རམ་བརྙན་སྡེར་དང་པོར་གདམས་དགོས། དེ་རྗེས་རིམ་བཞིན་ཁྱེད་ལ་གསང་ཨང་ངམ་ཆོག་མཆན་ཁྱེར་ཆོག་ཟེར་སྲིད་པས་གཤམ་གྱི་གསང་ཨང་དེ་དག་བེད་སྤྱོད་དགོས། 
Use this key to install it. Serial Key......གསང་ཨང། FHY4Q-VB63H-XK8VD-9Y68P-RFQ43
..OR.. གསང་ཨང་། J6C9R-C9HHG-3CWTY-Y4MPW-CD72J
Part 1
Part 2
Part 3
Part 4