Header

Friday 31 August 2012

Calibre འཕྲུལ་དེབ་ཀློག་སྤྱད།

དེང་ཚན་རིག་གི་དངོས་པོ་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་མི་རྣམས་ཀྱིས་ཤེས་དགོས་པའང་མང་པོ་ཞིག་ཡོད། དཔེར་ན་ཀུ་ཤུ་རྟགས་ཅན་གྱི་རིག་མཛོད་དང་ ipad ipod eBook reader སོགས་ཀྱི་ནང་དེབ་རྣམས་བདེ་བླག་ངང་ཀློག་ཐུབ་ཡོད་པའི་ཆ་རྐྱེན་བསྐྲུན་ཡོད་ཀྱང་། གོང་གི་དེ་དག་གི་ཆ་རྐྱེན་མེད་པའི་མི་རྣམས་ལ་གོང་གི་མ་ལག་དེ་དག་གི་ཆེད་དུ་བཟོས་ཟིན་པའི་དེབ་རྣམས་སྒེའུ་ཁུང་རྟགས་ཅན་ནམ་ Windows ནང་དུ་ཇི་ལྟར་ཀློག་ཐུབ་བམ་སྙམ་ན་དེའི་ཆེད་དུ་མཉེན་ཆས་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན། 
ཁེ་ལི་བྷི་རེ་ (Calibre) ཞེས་པའི་མཉེན་ཆས་འདི་ཀུ་ཤུ་རྟགས་ཅན་གྱི་ཆེད་དུ་བཟོས་པའི་འཕྲུལ་དེབ་བམ་ eBook རྣམས་སྒེའུ་ཁུང་རྟགས་ཅན་གྱི་མ་ལག་ནང་དུ་ཀློག་སྤྱད་ཞིག་རེད། མཉེན་ཆས་འདི་ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་སུ་སྟབས་བདེའི་མཉེན་ཆས་ཡིན་པས་དཀའ་ངལ་གང་ཡང་མེད། ཁྱེད་ཀྱིས་འཕྲུལ་དེབ་ eBook དྲ་རྒྱ་གང་ཞིག་ནས་ཕབས་ལེན་བྱས་རྗེས་ཕབས་ཟིན་པའི་དེབ་དེ་དག་ཁྱེད་ཀྱིས་པར་སློག་གནང་ནས་རིག་མཛོད་ཀྱི་མ་ལག་ཡིག་སྣོད་ Document ནང་སླེབས་ཡོད་པའི་ཁེ་ལི་བྷི་རེ་དཔེ་མཛོད་ Calibre Library ཞེས་པའི་ནང་དུ་འཇོག་དགོས། དེ་རྗེས་ཟུར་གྱི་པར་རིས་ལྟར་གནང་ན་བདེ་བླག་ངང་གཟིགས་ཐུབ། 

Tuesday 21 August 2012

Defraggler ཡིག་སྣོད་ཆ་སྙོམ་སྒྲིག་ཆས།

འདི་ནི་རིག་མཛོད་ནང་གི་ཡིག་སྣོད་རྣམས་ཕྱོགས་གཅིག་སྟོན་རྗེས་ཡིག་སྣོད་རེར་ཆ་སྙོམ་ལྗིད་ཚད་ཇི་ཙམ་ཡོད་མེད་འཇལ་བྱེད་ཀྱི་མཉེན་ཆས་ཞིག་ཡིན། ཕབས་ལེན་བྱས་རྗེས་ནང་འཇུག་ཐད་སྟབས་བདེ་ཡིན་པས་དཀའ་ངལ་གང་ཡང་མེད། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it. 

Total Video Converter བརྙན་གཟུགས་སྒྱུར་བྱེད།

འདི་ནི་བརྙན་འཕྲིན་སོགས་བརྙན་གཟུགས་རྣམ་འགྱུར་ mp4 སོགས་སུ་ཕབས་སྒྱུར་བྱེད་སྤྱད་ཀྱི་མཉེན་ཆས་སྟབས་བདེ་ཞིག་ཡིན། ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་སུ་སྟབས་བདེ་ཡིན་པས་གསང་ཨང་སོགས་གང་ཡང་མེད། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.